103181

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲུང་བ་གསུམ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། བདག་སྲུང་བ་ནི། རང་གི་ལུས་ངག་ཡིད་གསུམ་ལ་གདོན་གྱིས་བསྐུལ་བའི་གནོད་པ་དང་། ནད་ལ་སོགས་པ་ལུས་ངག་གི་གནོད་པ་གཞན་ཡང་སྲུང་བའོ། །གནས་སྲུང་བ་ནི། ཇི་ཙམ་འདོད་པའི་ཡུལ་ཕྱོགས་དེ་ཚུན་ཆད་དུ་རྣལ་འབྱོར་བ་རང་ཉིད་ལ་བརྟེན་པ་རྣམས་ལ་མི་དང་མི་མ་ཡིན་པ་དང་འབྱུང་པོའི་གནོད་པ་སྲུང་བ་སྟེ། ནོར་དང་གཡོག་འཁོར་དང་གྲོགས་དང་ཡོ་བྱད་སོགས་ལ་བརྟེན་པའི་རབ་ཆད་སྲུང་བའོ། །རྣལ་འབྱོར་སྲུང་བ་ནི། ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སྔོན་གྱི་ལས་དང་བག་ཆགས་ལས་བྱུང་བ་ཁོ་ནའི་གཉེན་པོ་ཡིན་ཏེ། སྲུང་བ་དེའི་གཙོ་བོ་ནི་སྟོང་ཉིད་སྙིང་རྗེ་གཉིས་ཡིན་པར་བཤད་དོ། །སྲུང་འཁོོར་དངོས་གཞི་གནས་སྲུང་བ་ཡིན་པར་གསུངས་པས། ཤུགས་ལ་ཡན་ལག་དྲུག་འགོད་པ་དང་བདུད་ཚོགས་གཞོམ་པ་གཙོ་བོར་བདག་སྲུང་ཡིན་པར་གྲུབ་བོ། །རྣལ་འབྱོར་སྲུང་བ་ནི། གཙོ་བོར་ཕུར་གདབ་ཡིན་པར་གསལ་ཞིང་། གཞན་རྣམས་ཆོ་གའི་ཡན་ལག་གོོ །
Domain ཆོས་ལུགས།