103190

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲུང་བའི་འཁོར་ལོའི་བྱིན་བརླབ་དང་ཕྱིར་བཟློག་པའི་མན་ངག་ (1)
Part of speech མིང་ཚིག
Definition རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དངོས་གྲུབ་མཆོག་བརྙེས་པའི་དཔལ་འཛིན་གྱིས་མཛད་པའི་སྲུང་བའི་འཁོར་ལོའི་བྱིན་བརླབ་དང་ཕྱིར་བཟློག་པའི་ལམ་ངག རྒྱ་གར་གྱི་མཁན་པོ་ཨ་ནུ་པ་མ་རཀྵི་དང༌། ལོ་ཙཱ་བ་དར་མ་ཡོན་ཏན་གྱིས་བསྒྱུར་ཅིང་གཏན་ལ་ཕབ། དུས་ཕྱིས་རྒྱ་གར་ཤར་ཕྱོགས་ཀྱི་མཁན་པོ་ཆེན་པོ་དརྤན་ཨཱ་ཙཱརྱ་དང༌། ལོ་ཙཱ་བ་གློ་བོ་ཤེས་རབ་རིན་ཆེན་གྱིས་བསྒྱུར་ཅིང་ཞུས། རྣལ་འབྱོར་སེནྟ་ཝ་ལེནྟས་ཞུས། འགྱུར་བྱང་གི་རྗེས་སུ་“འདིའི་དཔེ་སྐབས་སུ་རྒྱ་གར་བལ་པོ་ཐམས་ཅད་དུ་རྒྱུན་ཆད་པ་ལས་ཕྱིས་ཨུ་རྒྱན་དུ་མཁའ་འགྲོ་མ་རྒྱ་མཚོའི་གོས་ཅན་ལས་རྣལ་འབྱོར་སེནྟ་ཝ་ལེནྟས་ཞུས་ཏེ་བྱུང་ངོ་། ། ཞེས་འཁོད། བསྟན་འགྱུར་རྒྱུད་ཙི་པར་བཞུགས།