From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྲུང་འཁོར་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྱི་དགྲ་འགོག་བྱེད་ཀྱི་ར་སྐོར།
|
སྲུང་འཁོར་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། འགལ་རྐྱེན་འགོག་པ་བསྲུང་བའི་འཁོར་ལོ་བསྒོམ་པའི་ཚུལ་བཤད་པ་ལ། སྔར་ཡོད་ཀྱི་བགེགས་བསལ་བའི་ཕྱིར་ཁྲོ་བོ་བཅུ་བསྐྱེད་ནས་ཕུར་གདབ་བྱ་བ་དང་། ཕྱིས་བགེགས་མི་འཇུག་པར་བྱ་བའི་ཕྱིར་དུ་རྡོ་རྗེའི་ར་གུར་བསྒོམ་པ་གཉིས་ལས་ར་བའི་དབྱིབས་དང་རྒྱ་དཔངས་ཀྱི་ཚད་ལ་མཁས་གྲུབ་སོ་སོའི་གསུངས་ཚུལ་མང་ཡང་འདིར་ནི་སྒྲུབ་པ་པོ་རང་གི་བློ་ལ་ཇི་ལྟར་འཚམ་པར་བསྒོམ་པར་བྱ་བ་ཡིན་ནོ། །དེ་ནས་རང་གི་སྤྱི་བོ་མགྲིན་པ་སྙིང་གའི་གནས་གསུམ་དུ་ཟླ་བ་པདྨ་ཉི་མའི་གདན་གསུམ་གྱི་སྟེང་དུ་རང་གི་ལུས་ངག་ཡིད་གསུམ་དང་ལྷ་ཡེ་ཤེས་སེམས་དཔའི་སྐུ་གསུམ་ཐུགས་ངོ་བོ་དབྱེར་མེད་དུ་མོས་པ་ཡི་གེ་འབྲུ་གསུམ་གྱི་རྣམ་པར་ཤར་བ་བཀོད་ནས། ངག་ཏུ་ཡང་ཡི་གེ་འབྲུ་གསུམ་ལན་གསུམ་བརྗོད་པ་ནི་གོ་ཆའི་བསྲུང་བ་དང་། སྔར་བཤད་པའི་སྟོང་ཉིད་བསྒོམ་པ་ནི་རྣལ་འབྱོར་བསྲུང་བ་དང་། རྡོ་རྗེའི་ར་གུར་བསྒོམ་པ་ནི་གནས་བསྲུང་བ་དང་། ཡི་གེ་འབྲུ་གསུམ་གྱི་གོ་ཆའི་བསྲུང་བ་ནི་བདག་བསྲུང་བ་ཡིན་པར་བླ་མ་སྔ་མ་ཁ་ཅིག་གིས་བཤད་དོ། །དེ་ཡང་མངོན་རྟོགས་ཐུན་བཞིར་བྱས་ནས་བསྒོམ་པའི་ཚེ་བསྲུང་འཁོར་ཡང་ཐུན་བཞིར་བྱས་ནས་བསྒོམ་དགོས་པ་ཡིན་ཏེ། རྩ་རྒྱུད་ལེའུ་བཅུ་གསུམ་པ་ལས། བསམ་གཏན་ལས་བྱུང་དམ་བཅས་པ། །གནས་གང་དུ་ནི་ཡང་དག་སྤྱད། །ཅེས་པས་བསྟན་པར་སྒྲོན་གསལ་ལས་བཤད་དོ། །
|
| Domain
|
ཆོས་ལུགས།
|
སྲུང་འཁོར་ (3)
| Part of speech
|
མིང་ཚིག
|
| Definition
|
ཤོག་གུ་དང་རས་སོགས་ཀྱི་ཐོག་ལ་གཟུངས་སྔགས་དང་མཚོན་དོན་དཔེ་རིས་སོགས་བྲིས་ནས་ལུས་ལ་གདགས་རྒྱུ་ཞིག་སྟེ། རྫས་སྔགས་དམིགས་རིམ་སོགས་ཀྱི་སྲུང་བའི་འཁོར་ལོ།
|