From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཡས་ཕྱོགས་ (1)
| Part of speech
|
མིང་ཚིག
|
| Definition
|
ལུས་ཀྱི་གཡས་སམ་ལག་པ་གཡས་པའི་ཟུར།
|
| Example
|
གཡས་ཕྱོགས་སུ་འཁོར། དགེ་རྒན་གྱི་གཡས་ཕྱོགས་སུ་ལངས་ནས་འདྲ་པར་བླངས་ལྟ་བུ།
|
| Antonyms
|
གཡོན་ཕྱོགས།
|
གཡས་ཕྱོགས་ (2)
| Part of speech
|
མིང་ཚིག
|
| Definition
|
དངོས་པོའི་ཕྱོགས་གཅིག་སྟེ། སྤྱིར་གཡས་ཕྱོགས་དང་གཡོན་ཕྱོགས་ངོས་འཛིན་ཐད། བོད་ལུགས་ལ་དངོས་པོ་དེ་རང་གཞིར་བཞག་ནས་དེའི་གཡས་ཕྱོགས་དང་གཡོན་ཕྱོགས་ངོས་འཛིན་ལ། ཕྱི་ལུགས་སུ་དངོས་པོ་དེ་ལ་ལྟ་མཁན་གང་ཟག་རང་ཉིད་ཀྱི་གཟུགས་པོ་གཞིར་བཞག་ནས་དེའི་གཡས་གཡོན་བརྩི་བས་ཅུང་མི་འདྲ།
|
| Example
|
ཁང་པའི་གཡས་ཕྱོགས། གཡས་ཕྱོགས་ཀྱི་གྲལ་ལ་བསྡད་ལྟ་བུ།
|
| Antonyms
|
གཡོན་ཕྱོགས།
|