103250

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲེ་ད་ (1)
Part of speech མིང་ཚིག
Definition ལོ་ཏོག་གི་སྙེ་ཚད་ལོངས་པའི་འབྲས་བུ་མེད་པ་ཁ་དོག་ནག་པོ་ཅན། ལོ་རེ་བཞིན་ལོ་ཐོག་གཞན་གྱི་གསེབ་ཏུ་རང་བཞིན་དུ་སྐྱེ་བ་ཞིག་སྟེ། སྐྱེ་དབྱིབས་སོགས་ནས་དང་མཚུངས་ཤིང་ལྗང་པ་ནས་ལས་ནག་ཅིང་རྩུབ་པ་དང༌། སྙེ་མ་ནས་ལས་ཧྲལ་ཞིང་སྨིན་ཚེ་སྐྱི་ལྤགས་དཀར་པོ་ཤོག་བུ་ལྟ་བུ་སྲབ་པོས་བཏུམ་པའི་རྩེར་གྲ་མ་ཕྲ་ལ་རྩེ་རྣོ་བ་རེ་ཡོད་པའི་ནང་དུ་འབྲུ་དཀར་པོ་རེ་ཡོད་པ་སྟེ་ཞིང་ཁུལ་དུ་ཡུག་པོ་ཟེར་བ་བཅས། བོད་ཀྱི་ས་ཁུལ་ཁག་གི་ཞིང་ནང་ནས་དང་མཉམ་དུ་རང་བཞིན་དུ་སྐྱེ་བ། འབྲུ་སྨིན་མཚམས་སུ་བཏུས་ཏེ་དགོས་དུས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་ཡང་བས་ལྐོག་མའི་ནད་དང༌། པགས་ནད་སེལ་བར་བྱེད་པ་ཡིན།