From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྲེག་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
མེ་སྟེ། ཅི་ལ་ཐུག་ཀྱང་སྲེག་པར་བྱེད་པའམ་ཟ་བའི་ཚུལ་དུ་སྣང་བས་ནའོ། །
|
| Type
|
མངོན་བརྗོད།
|
སྲེག་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མེ་ལྷ་སྟེ། སྦྱིན་སྲེག་གི་རྫས་རྣམས་སྲེག་ཅིང་ཟ་བར་བྱེད་པས་ནའོ། །
|
སྲེག་བྱེད་ (3)
| Part of speech
|
མིང་ཚིག
|
| Definition
|
ལྷ་དབང་ཕྱུག་སྟེ། དེའི་མིག་ལས་མེ་སྤྲོས་ཏེ་འདོད་ལྷ་སྲེག་པར་བྱེད་པས་ནའོ། །
|
སྲེག་བྱེད་ (4)
| Part of speech
|
མིང་ཚིག
|
| Definition
|
སྐྱ་རེངས་ཏེ། ཉི་རྩེ་སྤྲིན་ལ་ཤར་ཚེ་སྲེག་པ་ལྟར་དམར་བོར་སྣང་བས་ནའོ། །
|
སྲེག་བྱེད་ (5)
| Part of speech
|
མིང་ཚིག
|
| Definition
|
མེ་ཤེལ་ཏེ། ཉི་མར་བསྟན་ན་འོད་ཁེལ་ས་དེ་སྲེག་པར་བྱེད་པས་ནའོ། །
|