103310
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་སུག་པ་འདྲ་བ་ཅུང་ཟད་སྦོམ་ལ་རྟིང་པ་རིང་བར་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང༌། ལོ་མ་སྐྱ་ལ་འཇམ་པར་སྤུ་དཀར་ལྟ་བུས་ཁྱབ་སྟེ་སྤྲ་བའི་ལོ་མ་འདྲ་བའི་སྟོད་ཆ་ཞེང་ཆེ་ཆིང་སྨད་ཆ་ཕྲ་ལརིང་བ་མདུང་རྩེའི་དབྱིབས་འདྲ་བའི་མཐའ་མཉམ་ལ་ངར་པ་མེད་པ་ཚོམ་བུར་སྐྱེ་ཞིང༌། མེ་ཏོག་དཀར་ལ་དམར་མདངས་ཡོད་པ་འདབ་མ་བཞི་ལྡན་རྒྱ་གྲམ་མེ་ཏོག་ངར་པ་ཕྲ་ལ་རིང་བ་བཞི་ལྔ་ཙམ་ལོ་མའི་དབུས་ནས་འཆར་ཞིང༌། གང་བུ་སྐྱ་སོབ་ཟླ་ཚེས་ཀྱི་དབྱིབས་འདྲ་བའི་ནང་དུ་འབྲུ་སེར་སྨུག་ཅུང་ཟད་ལེབ་མང་པོ་ཡོད་པ་བཅས། བོད་ཀྱི་ས་གནས་ཕལ་ཆེ་བའི་གཡའ་རི་དང༌། གངས་རི་རྫ་བྲག་སོགས་སུ་སྐྱེ་བ། བོད་ཟླ་བདུན་པའི་ནང་རྩ་ལོ་མེ་འབྲས་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཀྲུས་ཐོག་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་གློ་བར་ཚ་བ་རྒྱས་པ་དང༌། གློ་མང་ལུང་བ། ཡན་ལག་ལ་ཆུ་སེར་ཞུགས་པ། སྟོད་དུ་ཚ་བ་རྒྱས་པ། ཁྱད་པར་རྙོགས་པའི་ཚ་བ་ལ་ཕན་པ་ཡིན། |
| Domain | གསོ་རིག |