103313

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོ་ལོ་སྨུག་པོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་སྙུང་རིལ་དབྱིབས་འདྲ་བ་ཅུང་སྦོམ་ལ་རྟིང་པ་རིང་ཞིང་རྩ་ཕྲན་མེད་པ་དང༌། ལོ་མ་ལྗང་སྐྱ་མཐུག་པ་མདུང་རྩེའི་དབྱིབས་འདྲའི་མཐའ་མཉམ་ཞིང་སྤུ་དཀར་ཐུང་ངུ་ཡོད་པ་གཞི་རྩ་ནས་མཉམ་དུ་སྐྱེ་བ། མེ་ཏོག་དམར་སྐྱ་འདབ་མ་བཞི་དང་ལྡན་པ་འཆར་ཞིང༌། གང་བུ་གཞུ་ཤུབས་འདྲ་བའམ་པད་ཁའི་གང་བུ་འདྲ་བ་རྩེ་རྣོ་ཞིང་ངོས་འཇམ་ལ་སྤུ་མེད་པ་གཞི་རྩའི་ལོ་མ་རྣམས་ཀྱི་དཀྱིལ་ནས་སྡོང་རྐང་ཐད་ཀར་སྐྱེ་བའི་སྟོད་ཆར་བང་རིམ་བཞིན་འདོགས་པ། འབྲུ་གུ་ཁམ་སྐྱ་ལེབ་པ་བཅུ་ལྷག་ཙམ་རིམ་པར་འདོགས་པ་བཅས། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་རྫ་དང་བྲག་ལོགས་སུ་སྐྱེ་བ། རྩ་ལོ་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་གློ་བར་ཚ་བ་རྒྱས་པ་དང༌། གློ་མང་ལུ་བ། ཡན་ལག་ལ་ཆུ་སེར་ཞུགས་པ། སྟོད་དུ་ཚ་བ་རྒྱས་པ་དང་ཁྱད་པར་རྙོགས་པའི་ཚ་བ་ལ་ཕན་པ་ཡིན།
Domain གསོ་རིག