103322
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། མིས་འགྲོ་བ་གཞན་གྱི་རྣམ་པར་བརྟེན་པ་བསད་པའི་ཚེ། ཕམ་པ་སྐྱེད་པའི་ཡན་ལག་དུ་མིར་འདུ་ཤེས་པ་དགོས་པ་མ་ཡིན་ཏེ། དོན་ལ་མི་ཡིན་ཞིང་བསད་བྱ་དེ་ཉིད་ལ་དེ་ཉིད་རང་དུ་འདུ་ཤེས་པའི་སྒོ་ནས་བསད་པ་ཙམ་གྱིས་སྲོག་གཅོད་པའི་ཕམ་པའི་ཡན་ལག་རྫོགས་པའི་ཕྱིར་དང་། དེ་ལས་གཞན་དུ་ཁྱོད་འདོད་པ་ལྟར། དུད་འགྲོའི་དབྱིབས་ཅན་འདི་མི་ཡིན་ནོ་སྙམ་དུ་འདུ་ཤེས་པ་དགོས་ན། མདོ་འདི་ལ་ཚིག་གི་ནུས་པ་གཅིིག་ཀྱང་མ་བྱུང་བའི་ཕྱིར་དང་། མདོ་འདིས་ནི། འདུ་ཤེས་ལ་མིའི་འདུ་ཤེས་ཡོད་ཀྱང་། དུད་འགྲོའི་དབྱིབས་ཅན་དོན་ལ་མིར་གནས་པ་དེ། སྲོག་གཅོད་པའི་ཕམ་པའི་ཡུལ་གྱི་ཡན་ལག་དུ་རུང་བ་སྟོན་པའི་ཕྱིར། དེས་ན་དེ་ལྟ་བུའི་ཡུལ་གྱི་གང་ཟག་དེ་རྟེན་དགེ་སློང་གིས་བསད་པ་ལས་སྦྱོར་གྱི་ལྟུང་བ་བསྐྱེད་པའི་ཚེ། སྦྱོར་བ་ལ་འདུ་ཤེས་གཙོ་ཆེ་བ་ཡིན་ཏེ། དོན་ལ་མིར་གནས་ཀྱང་དུད་འགྲོ་འདུ་ཤེས་ན་སྦྱོར་ལྟུང་ཉེས་བྱས་ལས་མི་བསྐྱེད་པའི་ཕྱིར། དངོས་གཞི་ལ་འདུ་ཤེས་གཙོ་ཆེ་བ་མ་ཡིན་ཏེ། དེར་དོན་དང་འདུ་ཤེས་མཐུན་པ་དགོས་ཀྱི། རེ་རེ་རྐྱང་པའི་མི་ཆོག་སྟེ། འདུ་ཤེས་གཙོ་བོས་བསྐྱེད་པའི་ལྟུང་བ་རྣམས་ཀྱི་སྤྱི་ལུགས་ཡིན་པའི་ཕྱིར། གལ་ཏེ་འོ་ན། འདི་ལ་དོན་དང་འདུ་ཤེས་མཐུན་པ་མེད་དེ། དོན་ལ་མིར་གནས། འདུ་ཤེས་ཀྱི་དུད་འགྲོར་འདུ་ཤེས་པའི་ཕྱིར་སྙམ་ན། དེ་ལྟ་ན་ཡང་དོན་ཤེས་མི་མཐུན་པ་མེད་དེ། དེའི་ཚེ་རང་ལས་རྫས་གཞན་པའི་བསད་བྱ་དེ་ཉིད་གཞན་དང་མ་ནོར་བར་བསད་པའི་ཕྱིར། དེའི་ཕྱིར་མ་དང་རྐུན་པོ་ནོར་བ་དང་། ལྷ་སྦྱིན་དང་། མཆོད་སྦྱིན་ནོར་བ་དང་། མི་དང་ལྗོན་ཤིང་ནོར་བ་སོགས་ལ་ཐལ་བ་མཚུངས་པའི་གོ་སྐབས་ག་ལ་ཡོད། དེས་ན་བསད་བྱའི་ཡུལ་དེ་ཉིད་མ་ནོར་བསད་པ་དེའི་ཚེ། སྦྱོར་བ་ལ་འདུ་ཤེས་གཙོ་ཆེ། དངོས་གཞི་ལ་དོན་དང་འདུ་ཤེས་མཐུན་པར་དགོས་པའི་རྒྱུ་མཚན་གྱིས་དོན་གཙོ་ཆེ་ཞེས་ཚིག་གི་རྣམ་པ་སྦྱོར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། ། |
| Domain | ཆོས་ལུགས། |