From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྲོག་གཅོད་པའི་ཉེས་དམིགས་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་དགའ་བ་ཅན་གྱི་མདོ་ལས་བྱུང་བ་སྟེ། ཚེ་འདི་ལ་འཁོན་སྐྱེད་པ། སྐྱེ་བ་གཞན་རྣམས་སུའང་འཁོན་པ། རྗེས་སུ་འབྲེལ་བར་འགྱུར་བ། སྐྱེ་བོ་མང་པོ་དག་གིས་ཡིད་མི་བརྟན་པར་འགྱུར་བ། སྡིག་པའི་རྨི་ལམ་མཐོང་བ། བདག་ཀྱང་འཇིགས་པ་སྐྱེ་ཞིང་སེམས་ཅན་རྣམས་ཀྱང་དེ་ལ་འཇིགས་པ་སྐྱེ་བ། བདེ་བར་ཉལ་ཡང་སྡུག་བསྔལ་བར་སད་པ། སྡིག་པ་རྣམ་པར་སེམས་པ། རྨོངས་པ་དང་བཅས་པར་འཆི་བའི་དུས་བྱེད་པ། ཚེ་ཐུང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་ནས་ཀྱང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ནའང་དེ་གང་དང་། གང་དུ་སྐྱེས་པ་དེ་དག་དེར་ཚེ་ཐུང་བར་འགྱུར་ཞིང་ནད་མང་བར་ཡང་འགྱུར་ཏེ། སྲོག་གཅོད་པའི་ཉེས་དམིགས་བཅུ་པོ་དེ་དག་ཡིན་པར་རིག་པར་བྱའོ། །
|
| Domain
|
ཆོས་ལུགས།
|
སྲོག་གཅོད་པའི་ཉེས་དམིགས་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། ཤ་གཉེར་བ་མང་བ། མཐོང་ན་ཡིད་དུ་མི་འོང་བ། སྡིག་པ་རྣམས་སེམས་པ། དེ་ལ་སེམས་ཅན་རྣམས་འཇིགས་པར་འགྱུར་བ། མི་བདེ་བཞིན་ཉལ་ཞིང་། མི་བདེ་བཞིན་སད་པ། སྡིག་པ་ཅན་གྱི་རྨི་ལམ་རྨི་བ། རྨུགས་ཏེ་འཆི་བའི་དུས་བྱེད་པར་འགྱུར་བ། འགྱོད་པར་འགྱུར་བ། ཚེ་ཐུང་བར་འགྱུར་བའི་ལས་བྱེད་ཅིང་གསོག་པ། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་འགྲོར་རྣམ་པར་ལྟུང་བ་སེམ་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ། །
|