103328

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོག་གཅོད་པའི་ཕམ་པ་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་བླ་མའི་སྡེ་ཚན། བཀའ་འགྱུར་འདུལ་བ་ན་པར་བཞུགས།
སྲོག་གཅོད་པའི་ཕམ་པ་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། ངོ་ཏི་ནི་བཅས་པའི་རྟེན་ཅན་དགེ་སློང་གིས་མི་གཞན་གསོད་སེམས་ཀྱིས་རང་ངམ་བསྐོས་པས་གསོད་པའི་སྦྱོར་བ་བྱས་པ་དེའི་རྐྱེན་གྱིས་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཐུན་མོང་མ་ཡིན་པའི་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། མིའམ་མིར་ཆགས་པ་ཡིན་པ་དང། རྒྱུད་ཀྱི་སྒོ་ནས་གཞན་ཡིན་པ་སྟེ། མིར་གྱུར་པའོ་ཞེས་པ་དང། སེལ་བ་མི་མ་ཡིན་བསད་ན་སྦོམ་པོ་དང་དུད་འགྲོ་བསད་ན་ལྟུང་བྱེད་དང། བདག་ཉིད་གསོད་ན་སྦོམ་པའོ་ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་དང་། ཀུན་སློང་ངོ་། །འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་ངེས་པའམ་ཡིད་གཉིས་ཡན་ཆད་ཀྱི་མ་འཁྲུལ་བའོ། །ཀུན་སློང་ནི་སྲོག་གཅོད་པའི་བསམ་པས་འཆི་བའི་ཐབས་ཤོམ་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བའི་ཡན་ལག་ནི་གང་ལ་བསམ་པ་དེ་ཉིད་ལ་གསོད་པའི་སྦྱོར་བར་རང་ངམ་བསྐོས་པའི་ལུས་ངག་ཏུ་གྲུབ་པ་སྟེ་བསམ་པ་ནི་དེ་ཉིད་དོ། །བཞི་བ་མཐར་ཐུག་གི་ཡན་ལག་ནི་སྦྱོར་བ་དེའི་རྐྱེན་གྱིས་མི་ཤི་བ་སྟེ། གཞི་དེས་གཞན་གྱི་ཚེ་ཤི་ནའོ་ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འདི་ལ་བཞི་ལས། གཞི་ལ་མིའི་འགྲོ་བ་པ་ཡིན་པ་དང་བདག་ཉིད་ལས་རྒྱུད་ཐ་དད་པ་གཉིས། བསམ་པ་ལ་གཉིས་སུ་འདུ་ཤེས་སྤྱི་དང་བྱེ་བྲག་ལ་མ་འཁྲུལ་བ། སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་ཅིང་མ་འཁྱོགས་པར་གསོད་པར་རྩོམ་པའོ། །མཐར་ཐུག་དེའི་རྐྱེན་གྱིས་སྲོག་འགགས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། གཞིའི་ཡན་ལག་ནི། གསོད་པ་པོ་ནི་ཕམ་པ་གསུམ་པ་བཅས་ཕྱིན་ཆད་ཀྱི་དགེ་སློང་ཕ་མ་ཚུལ་ཁྲིམས་རྣམ་དག་དང་ལྡན་པ་མཐའ་དག་དང་། གསད་བྱ་ནི་མིའམ་མིར་ཆགས་པ་གང་ཡང་རུང་བ་རང་ལས་རྒྱུད་གཞན་པ་སྟེ། མི་ནི་དབང་པོ་དྲུག་འདུས་ཀྱི་སྐྱེས་པ་བུད་མེད་མ་ནིང་རྣམས་དང་། མིར་ཆགས་པ་ནི་མངལ་དུ་སྲོག་ཡིད་ལུས་ཀྱི་དབང་པོ་གསུམ་འདུས་པ་མེར་མེར་པོ་ལ་སོགས་པའི་གནས་སྐབས་ཀྱི་ལུས་ཅན་དེའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་བ་ཀུན་སློང་ཆེད་དུ་བསམ་སྟེ། གསོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་གཞན་ལ་བཅོལ་བའི་སྒོ་ནས་ཞི་དྲག་ཅི་རིགས་པའོ། །མཐར་ཐུག་རང་ཉིད་གནས་གཞན་དུ་གསད་བྱའི་སྲོག་འགགས་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།