103336
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གསོད་པའི་ཆེད་དུ་མ་བསམ་པར་བཞད་གད་ལ་སོགས་པས་མཚོན་འཕངས་ཏེ་ཕ་རོལ་པོ་འཆི་བ་ལ། ཉེས་བྱས་ཙམ་ལས་ཕམ་པ་མི་འབྱུང་སྟེ། མདོར་ཆེད་དུ་མ་བསམ་པར་གྲུབ་པ་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་བཅས་ལྡན་རྫུ་འཕྲུལ་ཐོབ་པས་འགྲོ་བ་གཞན་སྟག་ལ་སོགས་པའི་གཟུགས་སུ་བསྒྱུར་ནས་གནས་པ་ལ་རང་ཉིད་དགེ་སློང་ཡིན་པའི་འདུ་ཤེས་བརྗེད་ནས་མི་བསད་པ་དང་། དགེ་སློང་གིས་མི་ལ་མཐོ་ཡོར་དུ་འདུ་ཤེས་འཁྲུལ་བ་དང་། ལྷས་སྦྱིན་ལ་མཆོད་སྦྱིན་དུ་ནོར་ཏེ་བསད་པ་ལ་སྦོམ་པོ་ལས་ཕམ་པ་མི་འབྱུང་སྟེ། སྤྱིར་བསྟན་ལས། འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་ན། ཞེས་པ་ནས། མེད་ན་ནི་ན་སྨད་པ་ཉིད་དོ། །ཅེས་གསུངས་པའི་ཕྱིར། བསད་བྱའི་མི་འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་བསད་པ་ལ་ནི་མི་བསད་པའི་ལྟུང་བ་འབྱུང་སྟེ། འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་བསད་པ་ལ་ཡང་ངོ་། །ཞེས་གསུངས་པའི་ཕྱིར། ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |