103337

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོག་གཅོད་ཕམ་པའི་མཐར་ཐུག་གི་སེལ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྦྱོར་བ་དེས་བསད་བྱའི་སྲོག་འགག་མ་ཐུབ་པ་དང་། འགག་ཐུབ་ཀྱང་དེ་འགག་པའི་སྔ་རོལ་ལམ། དེ་འགག་པ་དང་མཉམ་དུ་རང་ཉིད་ཤི་བ་ལ་སྲོག་གཅོད་ཀྱི་ཕམ་པ་མེད་དེ། དེ་ལ་དེའི་ལས་ལམ་གྱི་དངོས་གཞི་མི་བསྐྱེད་པའི་ཕྱིར། དེ་སྐད་དུ་མཛོད་ལས། སྔ་དང་མཉམ་དུ་ཤི་བ་ལ། །དངོས་མིན་ལུས་གཞན་བསྐྱེད་ཕྱིར་རོ། །ཞེས་གསུངས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།