103345
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚེ་རྩིས་ཀྱི་རྡེལ་གྱི་ཡ་གྱལ་སྟངས་གཅོད་རྡེའུ་ཉེར་བཞིའི་ནང་གསེས་ལྔ་སྟེ། སྲོག་རྡེལ་ཉེར་ལྔ་ལས་སྲོག་རང་གི་འཐབ་རྡེལ་ལྔ་པོ་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ་དང་། སྲོག་གི་མའི་འཐབ་རྡེལ་ལྔ་པོ་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ། སྲོག་གི་བུའི་འཐབ་རྡེལ་ལྔ་པོ་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ། སྲོག་གི་གྲོགས་ཀྱི་འཐབ་རྡེལ་ལྔ་པོ་དཀར་ནས་བགྲངས་ནས་བོར་བའི་ཁ་དམར་རྡེའུ། སྲོག་གི་དགྲའི་འཐབ་རྡེལ་ལྔ་པོ་དཀར་ནག་བགྲངས་ནས་བོར་བའི་ཁ་དམར་རྡེའུ་བཅས་ཡིན། ཁ་དམར་དེ་ལྔ་ལས་སྲོག་རང་གི་ཁ་དམར་རྡེའུ་དཀར་ན་རིན་ཆེན་ཚེ་ཡི་གཏེར་ཞེས་ཆུང་དུས་གསོ་སླ་ཞིང་ཚེ་ཡང་རིང་བར་བཤད། ནག་ཆུང་དུས་གསོ་དཀའ་ཞིང་ཚེ་ཡང་ཐུང་བར་བཤད་པས། རིམ་གྲོར་ཚེ་སྒྲུབ་ཚེ་གཟུངས་དང་ཚེ་ཆོག་བཅས་བྱ་དགོས། སྲོག་གི་མའི་ཁ་དམར་རྡེའུ་དཀར་ན་ཕ་དང་ཁུ་བོ་དར་ཞིང་རྒྱབ་བརྟེན་མི་ལ་བཅོལ་མི་དགོས་པར་བཤད། ནག་ན་ཕ་ཁུར་རབས་ཆད་དང་དར་གུད་ཆེ་བར་བཤད། སྲོག་གི་བུའི་ཁ་དམར་རྡེའུ་དཀར་ན་ཚེ་རིང་ཚེ་ཡི་རྟེན་ཕུར་ཚུགས་ཤིང་ཐོན་བུ་ཁྱེའུ་སྐྱེ་བར་བཤད། ནག་ན་བླ་ཚེས་གཉིས་ཀྱི་རྟེན་ཕུར་ཕྱུང་ཞིང་རྨིག་པ་ཁ་དབྲག་མི་འཕྲོད་པར་བཤད། སྲོག་གི་གྲོགས་ཀྱི་ཁ་དམར་རྡེའུ་དཀར་ན་རྨིག་པ་ཁ་དབྲག་ཡིན་པའི་སྒོ་ཕྱུགས་འཕྲོད་པར་བཤད། ནག་ན་བྱ་བྱེད་མང་ལ་བློ་ཤོ་རྒོད་ཅིང་སྡོད་མེད་འགྲོ་ལ་དགའ་བར་བཤད། སྲོག་གི་དགྲའི་ཁ་དམར་རྡེའུ་དཀར་ན་གཅོང་དང་ནད་གཞི་རྙིང་བར་འཛེམ་དགོས་ཤིང་ཟས་ངན་དམུ་ཆུ་འོང་བའི་ངོ་ཡོད་པར་བཤད། ནག་ན་རྒན་དར་གཞོན་གསུམ་གྱི་སྲི་མེད་པས་བཟང་བར་བཤད། |
| Domain | རྩིས་རིག |