103368

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོག་ཆགས་སུ་གྱུར་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ (1)
Part of speech མིང་ཚིག
Definition འདི་ནི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་གི་དབྱེ་བའི་ནང་གསེས་ཤིག དགག་གཞི་དང་། དགག་བྱའི་ཆོས་གཉིས་སྲོག་ཆགས་ཀྱི་ངོ་བོར་གནས་ཤིང་དེ་གཉིས་གནོད་མེད་དུ་ལྷན་ཅིག་ཏུ་མི་གནས་པར་སྒྲུབ་པ་ལ། བཤེས་གཉེན་ཆེན་པོ་ཚུལ་ཁྲིམས་རྣམ་རྒྱལ་གྱི་རྟགས་རིགས་ལས།
Example དཔེར་ན། ཤར་ཕྱོགས་ཀྱི་བྱ་རོག་ཆོས་ཅན། འུག་པ་དང་གནོད་མེད་དུ་ལྷན་ཅིག་ཏུ་མི་གནས་ཏེ། བྱ་རོག་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་ལྟ་བུའོ། །
Domain ཚད་མ།