103381
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། སྲོག་དང་ཚེའི་ཁྱད་པར་ནི། མདོར། སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་གཏང་ངོ་ཞེས་པའི་ཁྱད་པར་ཅི་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ། ཁྱད་པར་མེད་དེ། གདགས་པ་ལས། སྲོག་གང་ཞེ་ན་ཁམས་གསུམ་པའི་ཚེའོ་ཞེས་གསུངས་པས་སོ། །མདོ་སྡེ་པ་ནི། སྔོན་གྱི་ལས་ཀྱི་འབྲས་བུ་ཚེ་དང་། ད་ལྟར་གྱི་ལས་ཀྱི་འབྲས་བུ་སྲོག་ཡིན་ལ། འདུ་བྱེད་ཅེས་པ་ནི་མུ་སྟེགས་པ་ལྟར། སྲོག་རྟག་པ་གཅིག་པུར་མེད་པའམ། མི་ལྡན་པའི་འདུ་བྱེད་ཀྱི་རྫས་མེད་ཀྱི་ཕུང་པོའི་རྒྱུན་གནས་པ་ཙམ་དུ་སྟོན་པའོ་ཞེས་འདོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་གསུམ་ལྡན་ལས་སོ། ། |
| Domain | ཆོས་ལུགས། |