103383

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོག་དབང་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དྲོད་དང་རྣམ་ཤེས་ཅི་རིགས་ཀྱི་རྟེན་བྱེད་པའི་མི་ལྡན་པའི་འདུ་བྱེད་རྫས་གྲུབ་ཤིག་སྟེ། མཆིམས་མཛོད་ལས། དེའི་ཕྱིར་སྲོག་གི་དབང་པོ་ནི་ལུས་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་མི་ལྡན་པའི་འདུ་བྱེད་རྫས་སུ་གྲུབ་པ་ཁོ་ན་ཡིན་ཏེ། དགེ་སློང་མ་ཆོས་སྦྱིན་གྱི་མདོ་ལས། ཚེ་དང་དྲོད་དང་རྣམ་ཤེས་འདིས། །གང་ཚེ་ལུས་ནི་འདོར་བྱེད་ཅིང༌། །བོར་ནས་དེ་ཚེ་འདུག་པ་ནི། །སེམས་མེད་ཇི་ལྟར་ཤིང་བཞིན་ནོ། །ཞེས་གསུངས་སོ་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། །ཞེས་དང།
Domain ཆོས་ལུགས།
སྲོག་དབང་ (2)
Part of speech མིང་ཚིག
Definition མདོ་སྡེ་པ། མཆིམས་མཛོད་ལས། དེའི་ཕྱིར་ཡིད་ཀྱི་རྣམ་ཤེས་ས་བོན་དང་བཅས་པ་རིས་མཐུན་པར་གནས་པ་ལ་སྲོག་གི་དབང་པོར་གདགས་སོ་ཞེས་འདོད་དོ། །ཞེས་དང་།
སྲོག་དབང་ (3)
Part of speech མིང་ཚིག
Definition སེམས་ཙམ་པ། མཆིམས་མཛོད་ལས། རྣལ་འབྱོར་སྤྱོད་པ་པ་དག་ཕྱོགས་གཉིས་ཀ་ལ་སྔར་སྨོས་པའི་ཀླན་ཀ་ཡོད་པའི་ཕྱིར་ལས་ཀྱི་སྟོབས་ཀྱིས་ཀུན་གཞི་རྣམ་ཤེས་རིས་མཐུན་པར་གནས་པ་ལ་སྲོག་གི་དབང་པོར་གདགས་སོ་ཞེས་འདོད་པ་ནི་ཆེས་ལེགས་པ་ཡིན་ནོ། །ཞེས་གསུངས།