103409
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། སྔགས། རྣལ་འབྱོར་བླ་མེད་རྒྱུད། གནས་སྐབས་ཀྱི་འབྲས་བུ་ནི། རྒྱུད་ལས། སྲོག་རྩོལ་གྱིས་ནི་དག་པ་རི་བོང་ཅན་དང་ཉི་མ་རྣམ་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །ཅེས་གསུངས་པ་ལྟར། རོ་རྐྱང་དུ་རྒྱུ་པའི་རླུང་ཡོན་པོ་འགགས་པའི་ཕན་ཡོན་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུང་སྟོན་ཅིང་བྱིན་གྱིས་བརློབས། ཡེ་ཤེས་ཀྱི་སྣང་བར་གྱུར་བའི་གཟུགས་སོགས་ཡུལ་དྲུག་གི་འདོད་ཡོན་ལ་སྤྱོད། དཔང་པོ་དྲུག་གི་མངོན་ཤེས་སྐྱེ། མི་དང་མི་མ་ཡིན་པ་དབང་དུ་འདུ་བ་ཡིན་ལ། མཐར་ཐུག་གི་འབྲས་བུ་ནི། རྒྱལ་བ་དོན་ཡོད་གྲུབ་པ་སོགས་ལྷ་རླུང་ཁམས་པ་དྲུག་ཚན་གཅིག་ཐོབ་པར་འགྱུར་པ་ཡིན་ནོ། །ཞེས་བྱུང་། |
| Domain | ཆོས་ལུགས། |