10342
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ཕྱི་ལོ་ ༡༧༢༣ ལོར་མདོ་སྨད་ཀླུ་ཤོད་དུ་གཡི་ཞེས་པའི་རུས་སུ་སྐུ་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། སྡེ་ཁྲི་རིན་པོ་ཆེ་ལས་བསྡུས་གྲྭ་གསན། སྐྱོར་དཔོན་གྱི་འགན་ཁུར་བཞེས། ཐལ་ཕྲེང་ཚང་མ་ཐུགས་འཛིན་གྲུབ། རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་འཛིན། རྒྱུད་པ་གྲྭ་ཚང་དུ་ཞུགས། སྔགས་གཞུང་དང་ཆོ་ག་ཕྱག་ལེན་བཅས་པ་ལེགས་པར་སྦྱངས། སྨན་རྩིས་ལ་ཡང་ཤིན་ཏུ་མཁས། དུས་འཁོར་གྲྭ་ཚང་གི་ཁྲི་ལ་ཕེབས། འདོན་རྟ་དབྱངས། ཆོ་ག་ཕྱག་ལེན་ཐམས་ཅད་ལ་གྲྭ་ཚང་གསར་ཚུགས་ཀྱི་བབ་དང་བསྟུན་པའི་རྟིང་བསྐུལ་ཐབས་མཁས་པོ་གནང་བས་གྲྭ་ཚང་ལ་ཆོས་སྲིད་ཀྱི་ཚུགས་ཟིན་ངེས་བྱུང་། རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་ཕྱི་ལོ་ ༡༧༨༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་ལ་བཞུགས། གདན་ས་ལོ་ལྔའི་རིང་བསྐྱངས། ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་སྒྲིག་ལམ་སྔར་ལས་ལྷག་པར་དོ་དམ་མཛད། རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་ཕྱི་ལོ་ ༡༧༩༠ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅོ་བརྒྱད་པ་ཡིན། |