From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྲོག་སྡོམ་གཟེར་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། སྲོག་སྡོམ་གཟེར་བཞི་ནི། དང་པོ་ཏིང་ངེ་འཛིན་ལྷའི་གཟེར། གཉིས་པ་བཟླས་པ་སྔགས་ཀྱི་གཟེར། གསུམ་པ་ཆོས་ཉིད་ཀྱི་གཟེར། བཞི་པ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་རོ། །
|
| Domain
|
ཆོས་ལུགས།
|
སྲོག་སྡོམ་གཟེར་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
ཏིང་ངེ་འཛིན་གྱི་གཟེར། སྙིང་པོ་སྔགས་ཀྱི་གཟེར། དགོངས་པ་མི་འགྱུར་བའི་གཟེར། འཕྲོ་འདུ་དམིགས་པའི་གཟེར་རོ། །འདི་བཞི་པོར་བསྐྱེད་རིམ་གྱི་ལམ་མཐའ་དག་འདུས་པར་གསུངས་ཏེ། སྲོག་སྡོམ་གཟེར་བཞིའི་དམིགས་པ་གནད་འགགས་ཁམས་གསུམ་རོལ་པ་ཚངས་པའི་སྒྲ་དབྱངས་ལས། ཐབས་བསྐྱེད་པའི་རིམ་པ་ཐམས་ཅད་ཀྱི་སྲོག་ནི་སྲོག་གི་གཟེར་བཞིས་སྡོམ་པས་ན་བསྐྱེད་རིམ་གྱི་ལམ་ཐམས་ཅད་འདིར་མ་འདུས་པ་ཅུང་ཟད་ཀྱང་མེད་ལ། འདི་མ་ཤེས་ན་བསྐྱེད་རིམ་མ་ཤེས་པ་ཡིན། ཞེས་གསུངས་སོ། །
|