103463

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོལ་གོང་སྨུག་པོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་རྐང་གཅིག་རྟིང་པ་ཐུང་བར་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ། ལོ་མ་ཐུང་ལ་གཉེར་མ་ཅན་སྒོར་དབྱིབས་མཐར་ཉག་ག་སོག་ལེའི་སོ་འདྲ་བ་ཆུང་ཆུང་ཡོད་པ་སར་འབྱར་ནས་སྐྱེ། གཞི་རྩ་ནས་སྐྱེ་བའི་ལོ་མའི་ངར་པ་ལེབ་ལ་ཁ་དོག་དམར་སྨུག་ཡིན། ལོ་མ་རྣམས་ཀྱི་དབུས་ནས་མེ་ཏོག་ཟིང་དམར་སྲོལ་གོང་སེར་པོའི་མེ་ཏོག་གིས་དབྱིབས་ལྟར་སྐྱེ་བ་བཅས། བོད་ཀྱི་ས་གནས་མང་ཆེ་བའི་རི་མཐོའི་རྫ་ཤག་དང༌། བཞའ་ཚན་ཅུང་ཡོད་པའི་རི་མཐོའི་བྱེ་ཤག་ཏུ་སྐྱེ་བ། བོད་ཟླ་དྲུག་པའི་ནང་རྩ་སྡོང་མེ་ཏོག་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་བྱང་ཁོག་དང་ཡན་ལག་གི་རྣག་ཁྲག་སྐེམ་པ་དང༌། མགོ་ཆག་གསོ་ཞིང་དུག་ཚད་སེལ་བ། དེ་མིན་ཁྲག་རླུང་སྟོད་འཚངས་དང༌། རོ་སྟོད་ཀྱི་གཟེར་སོགས་ལ་ཕན་པ་ཡིན།