103480

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སླ་ (1)
Part of speech རྒྱན་ཚིག
Definition སླ་པོ་ཡི་བསྡུས་ཚིག་སྟེ། དཀའ་ཚེགས་མེད་པའམ་ཚེགས་ཆུང་བའི་རྣམ་པ།
Keyword True
Example ནང་དོན་ཤེས་སླ། གོ་དོན་རྟོགས་སླ་ལྟ་བུ།
Antonyms དཀའ།
སླ་ (2)
Part of speech རྒྱན་ཚིག
Definition གཤེར་ཁུ་སོགས་ནུར་བོ་མིན་པའི་རྣམ་པ།
Keyword True
Example རྩམ་ཁུ་སླ་མོ། སྐྱོ་མ་སླ་དྲགས་པ་ལྟ་བུ།
Antonyms ནུར།
སླ་ (1)
Part of speech བྱ་ཚིག
Definition སྐུད་པ་དང་སྐྲ་སོགས་ཤར་མོ་སུམ་མམ་བཞི་སོགས་བྱས་ནས་བསྣོལ་མར་བྱས་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསླ།, བག་མའི་སྐྲ་བསླ་དགོས།]
Present [སླ།, བག་གསར་གྱི་སྐྲ་སླ་མཁན་བུད་མེད་ཁ་དགེ་བཀྲ་ཤིས་ཤིག་ཡིན་དགོས།]
Past [བསླས།, སྐྲ་བསླས་རྗེས་སྟོན་མོ་ལ་རོལ།]
Imperative [སློས།, བག་མའི་སྐྲ་སློས་ཤིག་ལྟ་བུ།]