103536

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སླས་ (1)
Part of speech མིང་ཚིག
Definition བཙུན་མོའི་འཁོར་རམ་འཁོར་ནང་མའི་མིང་སྟེ། གསར་རྙིང་བརྡའི་རྣམ་དབྱེ་ལས། སླས་ནི་བཙུན་མོའི་འཁོར། ཞེས་དང༌། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། སླས་ནི་འཁོར་ནང་མ་ཞེས་གསུངས།
Example མགོན་པོ་མི་ཕམ་པའི་སྐྱེས་རབས་ལས། རང་ཉིད་སྲས་དང་སླས་དང་བློན་པོ་དང་ཡུལ་མིའི་གཙོ་བོ་རབ་ཏུ་མང་པོ་དག་ཅེས་པ་ལྟ་བུ།
Type བརྡ་རྙིང་།

{{#arraymap:སླས་

|; |@@@ | | }}

སླས་ (2)
Part of speech མིང་ཚིག
Definition བཙུན་མོའི་མིང་སྟེ། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ལས། ཁྱབ་འཇུག་གིས་ནི་རང་ཉིད་ཀྱི། །སླས་ཀྱང་ཡོངས་སུ་བསྐྱབས་མ་ནུས། །ཞེས་པའི་འགྲེལ་པར། ཁྱབ་འཇུག་གམ་སྲེད་མེད་ཀྱི་བུ་ཞེས་འཇིག་རྟེན་ན་མཐུ་ཆེ་བར་གྲགས་པ་དེས་ནི་རང་ཉིད་ཀྱི་སླས་ཏེ་བཙུན་མོ་དྲུག་ཁྲི་པོ་དག་ཀྱང་ཡོངས་སུ་སྲུང་བའམ་བསྐྱབས་པར་མ་ནུས་ཞེས་གསུངས།

{{#arraymap:སླས་

|; |@@@ | | }}

སླས་ (3)
Part of speech མིང་ཚིག
Definition ཞང་སྐད། ས།
Example སའི་ཀ་བ་དང་སའི་བུམ་པ་བཞིན་ནོ། །

{{#arraymap:སླས་

|; |@@@ | | }}