10358
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་ནི་ལྷ་སའི་གཙུག་ལག་ཁང་གི་ནུབ་ཕྱོགས་སུ་ཡོད་པའི་ཟམ་པ་ཞིག་གི་མིང་སྟེ། དེ་སྔ་ལྷ་ས་དང་པོ་ཏ་ལའི་ཞོལ་བར་གྱི་འགྲུལ་ལམ་གཙོ་བོ་ཡིན་ཞིང། རྫ་གོ་གཡུ་རྩིའི་རྒྱ་ཕིབས་ཅན་གྱི་ཐོག་ཅན་ཟམ་པ་དེའི་རིང་ཚད་སྤྱི་ཁྲུ་ ༢༨། ༣ དང་ཞེང་ཚད་སྤྱི་ཁྲུ་ ༦། ༥ཟམ་མིག་ལྔ་ཡོད་པའི་སྟེང་དུ་མཐོ་ཚད་ལ་སྤྱི་ཁྲུ་གསུམ་ཡན་ཡོད་པའི་རྡོ་རྩིག་དང་། ཟམ་མིག་སྟེ་ཤར་ནུབ་ཏུ་བར་སྟོང་ལྔ་རེ་ཡོད་པའི་བར་བར་ན་རྒྱུག་སྒྲོམ་ཡོད་པ། རྩིག་ཐོག་ཏུ་གདུང་མ་དགུའི་སྟེང་ནས་རྒྱ་ཕིབས་ཀྱི་སྒྲོམ་བཟོས་ཡོད། ཟམ་འོག་དེར་ལྷ་སའི་གྲོང་ཁྱེར་ནང་གི་རྫབ་ཆུ་ཕལ་ཆེར་འདུ་ཞིང་། གདུང་མ་དཀྱིལ་མའི་ངོས་སུ་ལྕགས་ཀྱི་ཨ་ལོང་ཞིག་ཡོད་པ་དེ་ལྷ་སའི་སྣང་རྩེ་ཤག་དང་། ཞོལ་པ་ལས་ཁུངས་ཀྱི་ཁྱབ་ཁོངས་དབྱེ་ས་ཡིན་འདུག འགའ་རེས་གཡུ་ཐོག་ཟམ་པ་དེ་རྒྱ་བཟའ་ཝུན་ཁྲིན་ཀོང་ཇོས་བཟོ་སྐྲུན་བྱས་ཚུལ་བཤད་ཀྱི་ཡོད་ཀྱང་། ལོ་རྒྱུས་ཡིག་ཚང་གང་དུའང་དེའི་སྐོར་མི་གསལ་ཞིང། རི་མོ་རྙིང་པ་ཚད་ལྡན་རྣམས་སུའང་ཟམ་པ་དེ་མི་འབྱུང་བས་ཤོད་ཚུལ་དེ་ནི་མ་དག་པ་ཞིག་ཡིན། |