From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སློང་བའི་སྤང་ལྟུང་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་ཆོས་གོས་ཚང་བ་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་གོས་བླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བསླང་བའི་ཡུལ་དང་། གང་བསླང་བའི་དངོས་པོ་དང་། གང་གིས་བསླང་བའི་རྟེན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་གོས་སློང་བའི་ཚིག་སྨྲ་བར་འདོད་ཅིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་གོས་སློང་བར་ཞུགས་པའོ། །མཐར་ཐུག་ནི་གོས་ཐོབ་བློ་སྐྱེས་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
|
| Domain
|
ཆོས་ལུགས།
|
སློང་བའི་སྤང་ལྟུང་ (2)
| Part of speech
|
མིང་ཚིག
|
| Definition
|
དགེ་སློང་གིས་རང་གི་ཆོས་གོས་རྣམ་གསུམ་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་འཁོར་གསུམ་ཁེབས་པའི་མཐའི་ཚད་དུ་ལོངས་པའི་གོས་ནན་གྱིས་བསླངས་ཏེ་ལག་ཏུ་ཐོབ་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ནི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །འོག་མ་གསུམ་ལ་ཡང་ངོ་། །ཞེས་པ་ནས་སླངས་ན་ཉེས་བྱས་ཀྱིའོ། །ཐོབ་ན་དངོས་གཞིའོ། །ཆོས་གོས་སོ། །མི་ཆུང་བའོ་ཞེས་དང། དགེ་སློང་ཆོས་གོས་གསུམ་ཡོད་པས། །ཉེ་དུ་མ་ཡིན་ཁྱིམ་བདག་དང། །དེ་ཡི་བདག་མོ་ལས་ཀྱང་རུང། །ཆོས་གོས་ནམ་ཡང་མི་སླང་ངོ་། །ཞེས་གསུངས་པའི་ཕྱིར། འདི་ནི་ཉེར་དགས་ཁྱིམ་བདག་ཁ་ཆོས་ཀྱིས་བསླུས་ཏེ་གོས་ནན་གྱིས་བསླངས་པ་ལ་བརྟེན་ནས་བཅས་སོ། །ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་སོ། །
|