103655
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་ཉིད་མཐོང་བའི་ལམ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ སྤྲོ་བ་བསྐྱེད་པ་ལ་གསུམ་སྟེ། སློབ་མ་ཁྲུས་བྱས་ལ་མཎྜ་འབུལ་བ། སློབ་དཔོན་གྱིས་སྔགས་ཀྱི་དངོས་གྲུབ་ཅེས་པའི་ཆོས་བསྟན་པ། སློབ་མས་ཕ་རོལ་ལ་དམིགས་ཏེ་རྒྱ་ཆེ་བར་ཤེས་པར་བྱ་བའོ། །༢ གནང་བ་སྦྱིན་པ་གཉིས་ཏེ། དགའ་ཞེན་ཞེས་སྤྲོ་བས་ནོད་པ། བུ་ཆུང་ཞེས་བརྩེ་བས་སྦྱིན་པའོ། །༣ སྡོམ་པ་སྦྱིན་པ་དངོས་ལ་གཉིས་ཏེ། མཚན་ཉིད་ཀྱི་སྡོམ་པ། སྔགས་ཀྱི་སྡོམ་པའོ། །༤ བསྲུང་བ་ལ་གཉིས་ཏེ། འབྱོར་པས་བསྲུང་བ། གདམས་པས་བསྲུང་བའོ། །༥ སོ་ཤིང་དོར་བ་ལ་བདུན་ཏེ། སོ་ཤིང་གི་མཚན་ཉིད། དོར་ས། སློབ་མའི་ཁ་ལྟ་ཕྱོགས། དོར་བའི་ཐབས། དགོས་པ། དེ་ལ་དགོས་པ། ལྟས་བརྟག་པའོ། །༦ ཀུ་ཤའི་སྔས་དང་སྟན་སྦྱིན་པ་ལ་ཀུ་ཤ་བསངས་དང་གཙོ་བོའི་སྔགས་ཀྱིས་སྔས་སུ་སྦྱིན་པ་དང་། ལས་བུམ་གྱིས་བསངས་ལ་ལས་ཀྱི་སྔགས་ཀྱིས་སྟན་དུ་སྦྱིན་པའོ། །༧ གཟེངས་བསྟོད་ལ་ཉལ་དུ་གཞུག་པ་ལ་གཉིས་ཏེ། གཟེངས་བསྟོད་པ་ནི། སློབ་དཔོན་གྱིས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག་ཅེས་ངེས་པར་བསྟན་པ་དང༌། སློབ་མས་སྤྲོས་བས་ཡིད་ཆེས་པས་མཉན་ནས་དགའ་བར་བྱའོ། །ཉལ་བ་ལ་སྦྱོར་བ་དང༌། རྨི་ལམ་བརྟག་པ་དང༌། བཟླ་བའོ། ། |
| Domain | ཆོས་ལུགས། |