103660

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སློབ་དཔོན་པདྨ་འབྱུང་གནས་ (1)
Part of speech མིང་ཚིག
Definition ཁོང་ནི་རྒྱ་གར་ནུབ་ཕྱོགས་དྷ་ཀོ་ཤའི་མཚོ་གླིང་དུ་རང་བྱུང་པདྨའི་སྡོང་པོར་བརྫུས་ཏེ་སྐྱེ་བའི་རང་བྱུང་སངས་རྒྱས་ཤིག་ཞིག་དང༌། ཕྱིས་རྒྱལ་པོ་ཨིཎྜ་བོ་དྷིས་སྤྱན་དྲངས་ཏེ་རང་གི་སྲས་སུ་མངའ་གསོལ་བ་ཡིན། དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་ལ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྤྱན་འདྲེན་ཕོ་ཉ་མངགས་པ་བཞིན་བོད་དུ་བྱོན། དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ཡུལ་གངས་ཅན་ལྗོངས་ཀྱི་ནང་པའི་གཙུག་ལག་ཁང་དང་པོ་འདི་བཞེངས་རྒྱུར་མཛད་འཕྲིན་དཔེ་མེད་བསྐྱངས། བོད་ཕྲུག་ཤེས་རབ་ཅན་རྣམས་ལ་ལོ་ཙཱ་བསླབས། འཕགས་ཡུལ་ནས་པཎ་ཆེན་བི་མ་ལ་མི་ཏྲ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེད་དུ་མ་སྤྱན་དྲངས། བཀའ་བསྟན་གཞུང་མང་པོ་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར། དུས་ཕྱིས་མུ་ཁྲི་བཙན་པོ་རྒྱལ་སར་བཏོན་དུས་སློབ་དཔོན་མི་བཞུགས་འཐད་པར་དགོངས་ནས་ལྷ་སྲས་བོད་འབངས་དང་བཅས་པས་བཤོལ་བཏབ་ཀྱང་མ་གསན་པར་སྐུ་ཚབ་དང་གསུང་གཏེར་མང་པོ་ཁ་བྱང་གཏད་རྒྱ་དང་བཅས་པ་གཏེར་དུ་སྦས། རྒྱལ་པོ་དང༌། བློན་པོ། བཙུན་པ། སྔགས་པ། མཆོད་ཡོན། སྨན་པ། ནད་པ་སོགས་དད་ལྡན་སྤྱི་མཐུན་ལ་གཅེསཔའི་ཞལ་གདམས་གསུངས། མཐར་ཤིང་སྤྲེལ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཆིབས་པ་ནག་པོར་སེང་ལྡེང་གི་སྒ་སོགས་བསྟད་དེ་ཆིབས་ཁར་ཐོན་པ་དང༌། རིམ་པར་དཔལ་མོ་ཐང་ཚུན་ཆད་དུ་བོད་ཀྱི་སྐྱེས་ཕོ་མོ་མང་པོས་ཞམ་རིང་བྱས། གུང་ཐང་གི་ལ་ཁར་ལྷ་སྲས་ལ་སློབ་དཔོན་གྱིས་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གསུངས་ཏེ་ཨོ་རྒྱན་ཡུལ་དུ་བཞུད། སྡེ་སྲིད་ཁོག་འབུགས་ནང༌། ཨོ་རྒྱན་སློབ་དཔོན་པདྨ་སཾ་བྷ་ཝས་སྲུང་བ་རྡོ་རྗེ་ཁྲབ་རིང་དང༌། བརྟག་པ་ཉི་ཟླ་ཁ་སྦྱོར། གསོ་བ་བདུད་རྩི་བུམ་པ། གཅེས་པའི་ཕྲེང་བ་བདུད་རྩི་སྙིང་པོ་ལ་སོགས་པ་མང་པོ་མཛད་པའི་སྐོར་གསུངས་འདུག་པས། དེ་དག་ནི་གཉན་རིམས་འགོས་ནད་སྐོར་གྱི་བརྟག་ཐབས་དང༌། སྨན་བཅོས། སྲུང་བའི་སྐོར་བཅས་ཤ་སྟག་ཡིན་པས་ཕྱིས་གཏེར་སྟོན་རིམ་བྱོན་གྱིས་གཏེར་ནས་བཞེས་ཏེ་འགྲོ་དོན་རྒྱ་ཆེར་བྱུང༌། ལྷག་པར་སྙིགས་དུས་ཀྱི་གཉན་རིམས་བཅོས་ཐབས་སྐོར་ལ་ཨོ་རྒྱན་རིན་པོ་ཆེས་གསུངས་པའི་སྨན་གཞུང་དང༌། རིམས་སྲུང་རྣམས་ནི་གཞན་དང་མི་འདྲ་བའི་ངོ་མཚར་ཁྱད་དུ་འཔགས་པར་བརྟེན་སངས་རྒྱས་སྨན་གྱི་བླ་དང་དབྱེར་མ་མཆིས་སོ། །

{{#arraymap:སློབ་དཔོན་པདྨ་འབྱུང་གནས་

|; |@@@ | | }}