103669

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སློབ་དཔོན་མའི་དབྱེ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་ཚུལ་མའི་སློབ་དཔོན་མ་སོགས་ལྔའི་སྟེེང་དུ་དགེ་སློབ་མ་སློབ་དཔོན་མ་དང། ཚངས་སྤྱོད་ལ་ཉེར་གནས་ཀྱི་སློབ་དཔོན་མ་གཉིས་བསྣན་པས་བདུན་ནོ། །བསྒྲུབ་བྱ་བུད་མེད་བསྙེན་པར་རྫོགས་པའི་གསོལ་བཞིའི་ལས་བརྗོད་མཁན་ལ་ནི། དགེ་སློང་ཕ་མ་གཉིས་ཀ་ཡོད་དེ། བསྒྲུབ་བྱ་བུད་མེད་གཉིས་ཀའི་དགེ་འདུན་ལས་བསྙེན་པར་རྫོགས་དགོས་ཤིང། དེའི་ཚེ་གསོལ་བཞི་ལས་བརྗོད་མཁན་ནི་དགེ་སློང་ཕ་གཙོ་ཆེ་ལ། ཡང་དགེ་སློང་མ་ཉིད་ཀྱིས་བརྗོད་པ་ཡང་ཡོད་དེ། དེ་སྐད་དུ་རྒྱ་ཆེར་འགྲེལ་ལས། དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་ལ་ནི། དགེ་སློང་གི་དགེ་འདུན་གཙོ་ཆེ་བ་ཡིན་པས། དགེ་སློབ་མའི་དགེ་འདུན་གསོག་པའི་ཚུལ་མཐུན་པ་ཙམ་བྱ་བར་ཟད་པས་དགེ་སློང་གི་ལས་ཉིད་ཀྱིས་ཀྱང་དགེ་སློང་མ་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །ཀྱང་སྒྲས་ནི་དགེ་སློང་མའི་ལས་ཀྱིས་དགེ་སློང་མར་འགྱུར་བར་མ་ཟད་དགེ་སློང་ཕའི་ལས་ཀྱིས་ཀྱང་བསྒྲུབ་བྱ་དགེ་སློང་མར་འགྱུར་བ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:སློབ་དཔོན་མའི་དབྱེ་བ་

|; |@@@ | | }}