103686

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སློབ་པ་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་དོན་གསལ་མཛོད་གནས་དྲུག་པ་ལས་བྱུང་བ་སྟེ། ༡ རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ། ༢ རྒྱུན་དུ་ཞུགས་པ། ༣ ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ། ༤ ལན་ཅིག་ཕྱིར་འོང་བ། ༥ ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ། ༦ ཕྱིར་མི་འོང་བ། ༧ དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ། ༨ དད་པས་རྗེས་སུ་འབྲང་བ། ༩ ཆོས་ཀྱི་རྗེས་སུ་འབྲང་བ། ༡༠ དད་པས་མོས་པ། ༡༡ མཐོང་བས་ཐོབ་པ། ༡༢ རིགས་ནས་རིགས་སུ་སྐྱེ་བ། ༡༣ བར་ཆད་གཅིག་པ། ༡༤ བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ། ༡༥ སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ། ༡༦ མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ། ༡༧ མངོན་པར་འདུ་བྱེད་པ་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བ། ༡༨ གོང་དུ་འཕོ་བ།
Domain ཆོས་ལུགས།