103708
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་ཀྱི་ས་དགུ་པ་བསྒོམས་པའི་སྟོབས་ཀྱིས་སློབ་མ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་སྒྲུབ་པ་ཁྱད་པར་ཅན་ཞིག་ལ་དེ་སྐད་བརྗོད་དོ། །དེ་ལྟར་ཡང་པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། དེའི་འོག་ཏུ་ཐབས་ཤེས་དེ་དག་སྐྱེས་པའི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཆོས་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞིའི་ཆོས་ཉིད་ནི། ཐུན་མོང་མ་ཡིན་པའི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཡིན་ཏེ། རྟགས་སྔར་བཞིན། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |