10380
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༧༨༥ ལོར་མདོ་ཁམས་ལྷ་ཐོག་སྐེ་རེ་ལྷུན་གྲུབ་ཚང་ཡབ་ཡུམ་གཙང་མའི་རིགས་ལས་སྐུ་འཁྲུངས་ཤིང་། རབ་ཏུ་བྱུང་སྟེ་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་ཟབ་ལམ་ནཱ་རོ་ཆོས་དྲུག་གི་སྐོར་ལ་ཉམས་ལེན་གྱི་མཐིལ་མཛད་པས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས། དགོངས་པའི་གསང་མཛོད་རྡོལ། བློས་བྱས་ཀྱི་འཛིན་པ་དག ཡང་དག་པའི་ཆོས་ཀྱི་ནོར་གཏེར་ཆེན་པོ་རྙེད་དེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་དེ་ཉིད་རབ་བྱུང་བཅུ་བཞི་པའི་ས་བྱ་ཕྱི་ལོ་ ༡༨༥༠ ལ་ཉེ་བར་ཞི་བའི་དབྱིངས་སུ་གཤེགས་པའི་ཚུལ་བསྟན། |