10383

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུ་འབྲུག་ལྔ་པ་ཆོས་དབྱིངས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition སྐུ་ཕྲེང་ལྔ་པ་ཆོས་དབྱིངས་རྒྱ་མཚོ་མཆོག།དྲུག་པ། བདུན་པ་གསུམ་གྱི་སྤངས་རྟོགས་ལ་མཐོ་དམན་མེད་ཀྱང་འགྲོ་དོན་རྒྱ་ཆེ་ཆུང་ཅི་རིགས་བྱུང་ཞིང་དེ་དག་གི་སྐུ་དུས་སུ་ཚད་མའི་སྐྱེས་བུ་ཆེན་པོ་མདོ་ཁམས་པ་བདུན་པ་དང་། ཆོས་ཀྱི་མགོན་པོ་གཉིས་ཀྱིས་གསར་དུ་ངོས་འཛིན་གནང་བའི་བླ་སྤྲུལ་ངག་དབང་དཔལ་ལྡན་དང་། ཨ་ཀུན་བླ་མ་གཉིས་ཁྲི་ལ་བཀོད་དེ་ཞི་རྒྱས་དབང་དྲག་གི་བྱ་བས་བསྟན་འགྲོའི་ཕན་བདེ་སྤེལ་ཞིང་། མདོར་ན་ལུང་རིགས་ཀྱི་བཤད་པ། སྒོམ་སྒྲུབ་ཀྱི་ཉམས་ལེན་སོགས་རྙེད་པར་དཀའ་བའི་ལམ་པོ་ཆེ་ཇི་སྙེད་པ་ཐམས་ཅད་གནས་ཐོག་ཏུ་འདྲིལ་བ་བྱས་ནས་མཐར་དགོངས་པ་ཞི་བའི་དབྱིངས་སུ་གཏད་པ་སོགས་ངོ་མཚར་བའི་མཛད་པ་བསམ་གྱིས་མི་ཁྱབ་བོ། །