103888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧན་ཐ་སྤེན་སུམ་ (1)
Part of speech མིང་ཚིག
Definition འདི་ཨར་འཁོར་ཆེན་ཤོག་ཡུལ་གྱི་དགོན་པ་གྲགས་ཅན་ཞིག་ཡིན། ཡུལ་མི་རྣམས་ཀྱི་ངན་རྒྱུན་དུ་བླ་མ་རིན་པོ་ཆེ་ཟེར་བ་ཞིག་བོད་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་དུ་སློབ་གཉེར་གནང་སྟེ་རབས་འབྱམས་པའི་མཚན་བཏགས་བཞེས། རང་ཡུལ་དུ་བྱོན་ནས་བྲག་ཕུག་ཅིག་ཏུ་སྐུ་མཚམས་ལ་བཞུགས་སྐབས། དེ་གའི་འབྱོར་ལྡན་ཞིག་གི་བུའི་ཆང་སའི་དུས་ཚེས་འདི་བས་ངན་པ་དགུ་འཛོམས་ལ་བྱས་པས་ཉིན་དེར་གོང་མ་ཁང་ཤི་མི་དཀྱུས་མར་བརྫུས་ཏེ་ཆང་སའི་མཛད་སྒོའི་སྟེང་ཕེབས་ཏེ་ཚེས་གྲངས་འདི་སུ་ཞིག་གིས་བརྟགས་ཞེས་དྲིས་པས་བླ་མ་རིན་པོ་ཆེ་འདི་བས་བརྟགས་པ་ཤེས་ཏེ་བཀའ་འདྲི་ཞུས་པར་བླ་མ་རིན་པོ་ཆེས་ཉིན་སུམ་བརྒྱ་དྲུང་ཅུ་ལས་དེ་རིང་གི་ཚེས་གྲངས་འདི་ལས་སྡུག་པ་མེད་ཀྱང་གོང་མ་མཆོག་ཕེབས་པས་བཀྲ་མི་ཤིས་པ་ཐམས་ཅད་བཀྲ་ཤིས་པར་གྱུར་པ་ཡིན། འདི་ལས་རྟེན་འབྲེལ་ཆེ་བ་ཅི་ཡོད་གསུངས་པས་ཁང་ཤི་ཐུགས་དགྱེས་ཏེ་དགོན་པ་འདི་གསར་བཞེངས་ཀྱི་མཐུན་རྐྱེན་སྦྱར་ཞིང་བླ་མ་རིན་པོ་ཆེ་དགོན་བདག་ཏུ་བཀུར་བར་གྲགས།
Domain ལོ་རྒྱུས།

{{#arraymap:ཧན་ཐ་སྤེན་སུམ་

|; |@@@ | | }}