10392

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུ་ལུང་ཤེལ་གྱི་བྲག་ཕུག་ (1)
Part of speech མིང་ཚིག
Definition བོན། སྔོན་ཚེ་སྟོན་པ་འཆི་མེད་གཙུག་ཕུད་དང་། ཡབ་འཕྲུལ་གཤེན་སྣང་ལྡན། ཡུམ་བཟང་ཟ་རིང་བཙུན། གཤེན་གསང་བ་འདུས་པ་དང་བཞི་ཡིས་གསང་སྔགས་ཀྱི་བོན་འཁོར་བསྐོར་བའི་གནས་མཆོག་ཅིག་ཡིན་ལ། དེ་ཡང་རི་རབ་ཀྱི་ཁ་ཁྱེར་རྣམ་པར་རྒྱལ་བའི་ཁང་བཟང་གི་ལྷོ་ནུབ་མཚལ་གྱི་རི་བོ་ཟུར་གསུམ་པ་རི་དེའི་དཀྱིལ་སྨད་དུ་ཡོད་ཅིང་། དེ་ཡང་གཡུ་ཡི་ལུང་པ་ཁར་ལྷོར་བསྟན་ཅིང་བདུད་རྩི་གསོས་ཀྱི་ཆུ་བོ་འབབ་པ་རྩི་ཤིང་ནགས་ཚལ་རྒྱས་པ་ཤིན་ཏུ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒྲུབ་གནས་ཤིག་ཡིན་པར་གསུངས་སོ། །
Domain ཆོས་ལུགས།