10394
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གསུམ་ཁ་སྤྲོད་ཅེས་བྱ་བའི་ཀེག་རྩིས་ཀྱི་རྡེལ་འགྲེམས་ལུགས་གསུམ་གྱི་ཡ་གྱལ་ཞིག་སྟེ། དེར་ཡོད་པའི་རྡེའུ་བརྒྱ་དང་ཉི་ཤུ་ནི་བརྩི་བྱའི་སྲོག་ལུས་དབང་ཀླུང་སྨེ་བ་ལྔའི་འབྱུང་ཁམས་ཀྱིས་རྩིས་བྱེད་དུས་ཀྱི་སོ་སོའི་ལོག་མེན་ལོའི་དེ་ལྔར་ནང་མཐུན་དུ་འཐབ་པའི་འཐབ་རྡེལ་ཉེར་ལྔའི་ཁར་དེ་དག་དཀར་ནག་བགྲངས་ནས་བཞག་པའི་སྲོག་ལུས་དབང་ཀླུང་སྨེ་བ་ལྔའི་ཁ་དམར་རྡེལ་ལྔ་བཅས་སུམ་ཅུ་དང་། བབས་པའི་ལོག་མེན་ལོ་དེའི་མར་གྱི་བཞི་གཤེད་དང་དྲུག་འབྲས། བདུན་ཟུར་བཅས་ཀྱི་སྲོག་སོགས་ལྔ་ལ་ཡང་བརྩི་བྱའི་དེ་ལྔའི་འབྱུང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ཉེར་ལྔ་རེ་དང་། དཀར་ནག་བགྲངས་པའི་ཁ་དམར་རྡེའུ་ལྔ་རེ་བཅས་ལོག་མེན་ལོ་ནང་བཞིན་སུམ་ཅུ་རེ་ཡོད་པས། ཐམས་ཅད་གཅིག་ཏུ་བསྡོམས་ན་རྡེལ་གྲངས་བརྒྱ་དང་ཉི་ཤུར་ལོངས་པ་དེ་ཡིན། |
| Domain | རྩིས་རིག |