103952

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧལ་ཧ་མི་ཚན་གྱི་དགེ་བཤེས་བསྟན་པ་འཕེལ་རྒྱས་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་བྱང་ཕྱོགས་སྦོ་རད་ཕྱོགས་སུ་འཁྲུངས། བོད་ཡུལ་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་ཁག་ལ་ཞིབ་པར་སྦྱངས་པས་དགེ་བཤེས་ལྷ་རམས་ཨང་དང་པོའི་མཚན་བཏགས་བཞེས། གདན་ས་གསུམ་དང་མདོ་སྟོད་སྨད་སོགས་ཡུལ་རྣམས་སུ་མཁས་གྲགས་ཤིན་ཏུ་ཆེ། རབ་བྱུང་བཅོ་ལྔ་བའི་ཤིང་བྱི་ཕྱི་ལོ་ ༡༩༢༤ ལོར་ཨུ་རུ་སི་གཞུང་གིས་བཏང་བའི་མི་སྣ་དག་ལ་སྐད་བསྒྱུར་སྦོ་རད་དགེ་བཤེས་འཇིགས་མེད་རྡོ་རྗེ་ཡོད་ཀྱང་དོན་གདན་ཆེ་རིགས་ལ་འདི་བས་གསུང་བསྒྱུར་ཞུས། བོད་ཀྱི་བསྟན་སྲིད་ལ་སྐུ་དྲིན་ཤིན་ཏུ་ཆེ་བས་སྒོ་མང་གདན་རབས་རེ་དགུ་བ་སྐལ་བཟང་ལེགས་ལྡན་གྱིས་འདི་བའི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔ་རྫོགས་པར་གསན། འདས་ལོ་མ་རྙེད།