103953

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧལ་ཧ་རྗེ་བཙུན་དམ་པ་སྐུ་ཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་འཇིགས་མེད་བསྟན་པའི་རྒྱ་མཚན་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རབ་བྱུང་བཅུ་བཞི་བའི་ཤིང་ཕག་ཕྱི་ལོ་ ༡༨༡༥ ལོར། དབུས་གཙང་དགེ་སྡིངས་ཁང་གསར་དུ་ཡབ་མགོན་པོ་དོན་འགྲུབ་དང་ཡུམ་རིག་འཛིན་བུ་ཁྲིད་གཉིས་ཀྱི་སྲས་སུ་འཁྲུངས། པཎ་ཆེན་སྐུ་ཕྲེང་བདུན་པས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང། དགུང་ལོ་དྲུག་པར་ཆེན་པོ་ཧོར་གྱི་ཡུལ་དབུས་ཧལ་ཧར་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ། གཞུང་ཆེན་རྣམས་ལ་ཐུགས་གཉེར་གནང། པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས། དགྲ་ལྷའི་སྡིངས་ཞེས་པར་བླ་བྲང་ཆེན་མོ། མཚན་ཉིད་གྲྭ་ཚང། རྒྱུད་གྲྭ་དང་བདེ་ཆེན་ཀ་ལ་པ། ཁམས་ཚན་ཉེར་བདུན་བཅས་དགོན་གནས་གསར་སྤོ་མཛད། འདུ་ཁང་ཆེན་མོ་གསར་དུ་བཞེངས་ནས་དགའ་ལྡན་ཐེག་ཆེན་གླིང་གསར་འཛུགས་གནང། ཕྱི་ལོ་ ༡༨༤༡ ལོར་མཁའ་སྤྱོད་མའི་དུས་མཆོད་གསར་འཛུགས་མཛད། ཕྱོགས་འདུས་སེར་སྐྱ་ཁྲི་ཕྲག་ཙམ་ལ་དཔལ་གསང་བ་འདུས་བའི་དབང་གནང། དགུང་ལོ་ཉེར་བདུན་པར་བོད་ལ་ཆིབས་བསྒྱུར་སྐབས་འབྲི་ཆུ་དང་ཉེ་བར་ཕྱག་ཕེབས་པ་ན་སྐུ་བསྙུང་ནས་ཕྱི་ལོ་ ༡༨༤༡ ལོའི་དགུན་ཟླ་ར་བའི་ཚེས་གསུམ་ཉིན་དགོངས་པ་རྫོགས། སྐུ་གདུང་ཧལ་ཧར་གདན་དྲངས། གསུང་རྩོམ་པོད་གཅིག་བཞུགས།