103954

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧལ་ཧ་རྗེ་བཙུན་སྐུ་ཕྲེང་དགུ་པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དམ་པ་འདི་བ་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ཕྱི་ལོ་ ༡༩༣༣ ལོར་བོད་དབུས་ལྷ་སར་འཁྲུངས། འབྲས་སྤུངས་སྒོ་མང་དུ་ལོ་ལྔའི་རིང་གཞུང་ཆེན་རྣམས་ལ་ཐུགས་གཉེར་གནང། སོག་ཡུལ་དུ་ཨུ་རུ་སུའི་དམར་པོས་དབང་བསྒྱུར་པས་བླ་སྤྲུལ་བཙལ་མི་ཆོག་པ་སོགས་ཀྱི་དམ་བསྒྲགས་ཆེ་སྟབས་གཙང་དུ་ཕེབས་ནས་རྗེ་བཙུན་ཏཱ་ར་ན་ཐཱའི་གདན་ས་དགའ་ལྡན་ཕུན་ཚོགས་གླིང་དུ་ལོ་ཁ་ཤས་ལ་བཞུགས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་བྱོན་ནས་བོད་མིའི་གཞིས་ཆགས་མན་པ་ཕན་བདེ་གླིང་དུ་བཞུགས། ཕྱི་ལོ་ ༡༩༩༡ ལོར་གོང་ས་བཅུ་བཞི་པ་ཆེན་པོས་འདི་བ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་གནང། དེའི་རྗེས་ཙམ་ནས་བཞུགས་སྒར་དྷ་སར་གནས་སྤོས་མཛད་དེ་རྟག་བརྟན་གླིང་ཞེས་པའི་བླ་བྲང་གསར་བཞེངས་མཛད། ཕྱི་ལོ་ ༡༩༩༩ ལོར་སོག་ཡུལ་དུ་ཞབས་སོར་བཀོད། དགོན་ཁག་བཅུ་བདུན་ཙམ་ལ་ཕེབས་ནས་དད་ལྡན་ཁྲི་ཕྲག་མང་པོར་བཀའ་སློབ་ཟབ་རྒྱས་གནང། འབོག་ཏེ་དགེ་རྒན་ཐེབས་རྩ་གསར་འཛུགས་མཛད། ཕྱི་ལོ་ ༢༠༡༡ ལོར་དགོངས་པ་རྫོགས།