103957
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དམ་པ་འདི་བ་བོད་ཡུལ་དབུས་སུ་རབ་བྱུང་བཅོ་ལྔ་བའི་ས་སྦྲུལ་ཕྱི་ལོ་ ༡༨༦༩ ལོར་འཁྲུངས། ཕྱི་ལོ་ ༡༨༧༤ ལོར་ཆེན་པོ་ཧོར་གྱི་ཡུལ་དུ་གདན་དྲངས་ཏེ་ཏཱ་ཁུ་རལ་དུ་གདན་སར་བཀོད། སྐུ་གོང་མའི་སྐུ་བརྙན་མང་དུ་བཞེངས། བཀའ་འགྱུར་ཡོངས་རྫོགས་ཀྱི་དཔར་གསར་དུ་བསྐྲུན། སྐུ་ཚེ་སྨད་ལ་བསྟན་འགྱུར་དཔར་བཞེངས་ཀྱི་དབུ་ཚུགས་ཤིང་འདུ་ཁང་ཆེན་མོ་བཞེངས། འདུ་ཁང་འདིར་དགེ་འདུན་ཁྲི་ཕྲག་གིས་དབྱར་ཞལ་བཞེས་མཛད་པར་གྲགས། སེ་རྭ་རྗེ་བཙུན་པའི་ཡིག་ཆའི་སྟེང་ནས་བཤད་གྲྭ་བཙུགས་ཤིང་སྐུ་ཕྲེང་རིམ་བྱོན་གྱི་གསུང་རྩོམ་གྱིས་མཚོན་གསུང་མང་པོ་དཔར་དུ་བཞེངས། གསང་ཡུམ་བསྟེན་པ་སོགས་ཀྱིས་མི་མོས་མཁན་ཡང་བྱུང། རྒྱ་ནག་གི་ལྕགས་ཕག་ལོའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་སྐབས་ཁལ་ཁ་རྒྱ་ནག་ལས་ལོགས་སུ་བཀར་ནས་སྲིད་གཞུང་བཙུགས། ཆུ་གླང་ཕྱི་ལོ་ ༡༩༡༣ ལོར་བོད་དང་སོག་པོའི་བར་ཆིངས་ཡིག་དོན་ཚན་དགུ་བཞག ཕྱི་ལོ་ ༡༩༢༡ ལོར། ཨུ་རུ་སུ་ཁལ་ཁའི་ནང་འཛུལ་ཏེ་དམར་ཕྱོགས་ཀྱི་ལས་འགུལ་བསླངས། དགུང་གྲངས་ང་དྲུག་པ་ཕྱི་ལོོ་ ༡༩༢༤ ལོར་དགོངས་པ་རྫོགས། བྱ་ཁྱུང་གདན་རབས་སུ་དགུང་ལོ་ང་བཞི་ལ་འདས་པར་གསུངས། |