10406

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུང་ (1)
Part of speech རྒྱན་ཚིག
Definition བྱ་སྤྱོད་སོགས་རྩིང་པོའམ་རྒོད་པོའི་ལྡོག་ཟླ་སྟེ། ཞི་འཇམ་གྱི་རང་བཞིན།
Keyword True
Example རྟ་གཡུང་མོ། གཡག་ལ་གཡུང་ཕབ་པ་ལྟ་བུ།
Antonyms རྒོད།
གཡུང་ (2)
Part of speech རྒྱན་ཚིག
Definition ཞན་པའི་དོན་ཏེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། གཡུང་ནི་ཞན་པ་སྟེ། སྨན་གཞུང་དུ་རྒོད་གཡུང་ཞེས་གསུངས།
གཡུང་ (1)
Part of speech མིང་ཚིག
Definition འབངས་མིའམ་བྲན་གཡོག་གི་མིང་སྟེ། མཁས་པའི་དགའ་སྟོན་ལས། གཡུང་ངམ་ཁེང་ཞེས་པ་འབངས་མི་ལས་བྱེད་ཀྱི་མིང༌ཞེས་གསུངས།
Type བརྡ་རྙིང་།
གཡུང་ (2)
Part of speech མིང་ཚིག
Definition ངེས་པའི་དོན་ཏེ། བཀའ་གདམས་གཅེས་བཏུས་ཀྱི་དཀའ་མིང་ལས། གཡུང་ནི་ངེས་པ་ཞེས་གསུངས།
གཡུང་ (3)
Part of speech མིང་ཚིག
Definition བོད་ཀྱི་རུས་མིང་ཞིག་སྟེ། ངག་སྒྲོན་གྱི་འགྲེལ་པ་ལས། རུས་ཀྱི་གཡུང༌ཞེས་གསུངས།