10410

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུང་དྲུང་ (1)
Part of speech རྒྱན་ཚིག
Definition འགྱུར་བ་མེད་པའམ་རྟག་པའི་དོན་ཏེ།
Example སྐུ་གཡུང་དྲུང་གི་ཆོས་སུ་བཞུགས་ལྟ་བུ།
གཡུང་དྲུང་ (1)
Part of speech མིང་ཚིག
Definition བཀྲ་ཤིས་པ་དང་རྟག་བརྟན་མཚོན་བྱེད་ཀྱི་རི་མོ་ཞིག་སྟེ། བོད་ལ་གཡུང་དྲུང་གཡས་འཁྱིལ་དང་། གཡོན་འཁྱིལ་རིགས་གཉིས་ཡོད།
གཡུང་དྲུང་ (2)
Part of speech མིང་ཚིག
Definition བོན་ལུགས་ཀྱི་རྟག་བརྟན་འགྱུར་བ་མེད་པའི་བྱང་ཆུབ་ཀྱི་མིང་དུ་བཤད་དེ།
Example འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་ལས། གཡུང་དྲུང་མི་མཐུན་ཕྱོགས་ཀྱིས་འཇོམས་པར་མི་ནུས་པས་ན་གཡུང་དྲུང་དང༌། ཡང་ན་སྐྱེ་ཤི་མེད་པས་ན་གཡུང༌། འདུ་འབྲལ་མེད་པས་ན་དྲུང་སྟེ་བྱང་ཆུབ་བོ། །ཞེས་གསུངས།
Domain ཆོས་ལུགས།