104145

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧོང་ལེན་ཕོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཁམ་སེར་སྦོམ་ལ་མཁྲེགས་ཤིང་ལྕི་བ་གཉེར་རིས་དང་རྒྱུས་ཕྲན་མང་བ། ལོ་མ་ལྗང་འཇམ་མཐུག་ཅིང་གྱོངཞིང་གཉེར་མ་ཡོད་པ་རྒྱབ་ཅུང་ཟད་སྐྱ་བ་སྒོང་དབྱིབས་སམ་རལ་གྲིའི་དབྱིབས་ཅན་གྱི་མཐར་སོག་ལེའི་སོ་འདྲ་བའི་ཉག་ག་ཡོད་པའི་རྩེ་རྣོ་ཞིང་ངར་པ་དམར་སྨུག་ཕྲ་ལ་རིང་བ་བཞི་ལྔ་ཙམ་གཞི་རྩ་ནས་མཉམ་དུ་སྐྱེ་བ་དང༌། དེའི་དབུས་ནས་སྡོང་པོ་དམར་སྨུག་ཕྲ་བ་མཐོ་གང་ཙམ་གཉིས་གསུམ་གྱེས་པའི་རྩེར། མེ་ཏོག་དམར་སྨུག་མཐོང་གི་མདོག་འདྲ་བ་དབྱིབས་སྤྱང་མཇུག་གམ་སྙེ་དབྱིབས་ཅན་བང་རིམ་དུ་འཆར་བ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་གཡའ་ཤག་དང༌། གཡའ་སྤང་འདྲེས་མཚམས་སོགས་སུ་སྐྱེ་བ། རྩ་ལོ་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྩུབ་པས་ཁྲག་མཁྲིས་ཀྱི་ནད་དང༌། འཁྲུགས་ཚད། དོན་ཚད། རིམས་དུག་སོགས་ལ་ཕན་པ་ཡིན།
Domain གསོ་རིག