104146

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧོང་ལེན་མཆོག་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྦོམ་ཕྲ་མདའ་སྨྱུག་ཙམ་གྱི་ཕྱི་པགས་རྫ་མདོག་སྲབ་པོས་བཏུམ་ཞིང་། ཤུ་དག་ལྟ་བུའི་གཉེར་མ་ཡོད་པའི་ནང་མདོག་དམར་སྐྱ་སོབ་ལ་རུལ་བ་འདྲ་བ་གཅིག་ལ་གཅིག་སྦྲེལ་ཏེ་དེ་ལ་ཨ་ར་འདྲ་བའི་རྩ་ཕྲན་ཡོད། ལོ་མ་སྔོ་ལྗང་ཆུང་ཞིང་གཙགས་བུའི་དབྱིབས་ཅན་རྒྱབ་ལྗང་དཀར་གྱི་རྩེ་རྣོ་བའམ་རེ་འགའ་ཅུང་སྒོར་བའི་སྟོད་ཆར་ཉག་ག་སོག་ལེའི་སོ་འདྲ་མང་བ་དང་། ངར་བ་ཐུང་བ་རྟིང་པས་ཕན་ཚུན་རེ་མོས་སུ་བཏུམ་ནས་པདྨའི་དབྱིབས་ལྟར་སྐྱེ་ཞིང་། སྡོང་པོ་སྨུག་པོ་ཕྲ་ལ་ཐུང་བ་པདྨ་ལྟར་ལོ་མའི་དཀྱིལ་ནས་སྐྱེ་བའི་རྩེར་མེ་ཏོག་སྔོ་སྨུག་ཆུང་ལ་ཚགས་དམ་པ་དབྱིབས་ཅན་བང་རིམ་དུ་འཆར་བ། ཟེའུ་ཕོ་ལས་མོ་མང་བ་མཉམ་དུ་གནས་ཀྱང་མངོན་དཀའ་བ་དང་མཁྲེགས་པའི་འབྲས་བུའི་ནང་འབྲུ་གུ་སེར་སྨུག་ཞིབ་ཅིང་མང་བ་ཡོད་པ་ཞིག
Domain གསོ་རིག