104147
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྤྱིའི་སྐྱེ་དབྱིབས་ཧོ་ལེན་ཕོ་དང་འདྲ་བ་ལ། ལོ་མ་དང་སྡོང་བུ་ཕོ་ལས་ཕྲ་བ། ལོ་མ་མཐུག་ལ་གཉེར་མ་མང་བ་དབྱིབས་འཇོང་ནར་རྩ་བ་ནས་འཕྱིངས་ཤིང་ས་ངོས་སུ་བགྲད་པ་དང༌། རླན་དང་རྩྭ་གསེབ་ཏུ་ལོ་མ་གྱེན་དུ་སྐྱེ་བ་ལ་མེ་ཏོག་གི་སྙེ་མ་མེད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་གཡའ་སྤང་མཚམས་སུ་སྐྱེ་བ་སྟེ། རྩ་ལོ་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྩུབ་པས་ཁྲག་མཁྲིས་ཀྱི་ནད་དང༌། འཁྲུགས་ཚད། དོན་ཚད། རིམས་དུག་སོགས་ལ་ཕན་པ་ཡིན། |
| Domain | གསོ་རིག |