104161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧོའང་གི་རྒྱལ་རབས་གསུམ་ (1)
Part of speech མིང་ཚིག
Definition རྒྱ་ནག་ཆོས་འབྱུང་ལྟར་ན། ༡ ཧོའང་དང་པོ་ཐའི་ཧོའུ་ཧཱུ་ཥ་ཞི། རྒྱལ་སར་ལོ་བརྒྱ་དང་བཅོ་ལྔ་བསྡད་ནས་འདས། ༢ ཧོའང་གཉིས་པ་ཡན་རྟི་ཤེན་ནུང་ཞི། རྒྱལ་སར་ལོ་བརྒྱ་དང་བཞི་བཅུ་བསྡད་ནས་འདས། གདུང་བརྒྱུད་རྒྱལ་པོ་བདུན་བྱུང་བ་རྣམས་ཀྱིས་ལོ་སུམ་བརྒྱ་བདུན་ཅུར་རྒྱལ་སྲིད་བཟུང་བའི་མཐར། ཡུའི་དབང་རྒྱལ་པོ་སྐྱོང་ལུགས་མི་མཁས་པས། རྒྱལ་རིགས་གྱི་བློན་ཆེན་ཋ་ཡིའུ་ཟེར་བས་ངོ་ལོག་བྱས་ཏེ་དམག་འཁྲུག་བསླང༌། རྒྱལ་པོ་ཁྲི་ལས་ཕབ། མདའ་གཞུ་གྲི་མདུང་ལ་སོགས་པའི་མཆོན་ཆ་མང་པོ་ཐོག་མར་བཟོས། འབངས་རྣམས་ལ་ཁྲིམས་ཀྱི་ཆད་པ་ཤིན་ཏུ་ལྕི་བའི་རྐྱེན་གྱིས་བཟོད་མི་ཐུབ་པར་གྱུར། ༣ ཧོའང་གསུམ་པ་ཥའན་ཡུའན་འདི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོད་པས་ཁམས་ཀྱི་རྒྱལ་པོ་འདི་ལ་རྒྱ་ནག་གི་ཡུལ་རིལ་པོར་དབང་མ་ཐོབ་ཀྱང་འོག་ཏུ་རྒྱལ་ཕྲན་འགའ་ཞིག་ཡོད།
Domain ལོ་རྒྱུས།