104170

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧོར་གཙང་གསེར་ཁྲི་སྐུ་ཕྲེང་གསུམ་པ་ (1)
Part of speech མིང་ཚིག
Definition འཇིགས་མེད་རིགས་པའི་རལ་གྲིའམ་འཇིགས་མེད་རིགས་པའི་སེང་གེ་ནི། མདོ་སྨད་ཧོར་གཙང་གི་ཕྱོགས་འབྲུ་འདྲེན་ཞེས་པ་ཁྱུ་མཆོག་གི་རིགས་སུ་རབ་བྱུང་བཅུ་གསུམ་པའི་མེ་ཡོས་ཕྱི་ལོ་ ༡༧༤༧ ལོར་སྐུ་བལྟམས། ཀུན་མཁྱེན་འཇིགས་མེད་དབང་པོ་མཆོག་གིས་གཙུག་ཕུད་བཞེས་ནས་མཚན་འཇིགས་མེད་གྲགས་པར་གསོལ། མདོ་དབུས་གཉིས་སུ་ཐུགས་གཉེར་གནང་སྟེ་མཁས་པར་གྱུར། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་རབས་ཉི་ཤུ་པར་བཞུགས། ཀུན་མཁྱེན་འཇིགས་མེད་དབང་པོས་བདག་ཐག་ཉེ་རིང་གང་དུ་སོང་ཡང་ཁྱོད་གདན་སར་བཞུགས་ཡོད་པ་འདིས་སེམས་བདེ་བ་ཞིག་ཡོང་གསུངས་པ་བཞིན། བཀྲ་ཤིས་འཁྱིལ་དུ་ཆོས་སྲིད་ལུགས་གཉིས་ཀྱིས་བཀའ་དྲིན་ཆེ་བར་བསྐྱངས། དགའ་ལྡན་ཆོས་རྒྱལ་གྱི་ལྗགས་ལ་གསེར་ཕུལ་བ་དངོས་སུ་བཞེས་པ་དང་། ཀློང་རྡོལ་བླ་མས་ཧོར་གཙང་གསེར་ཁྲིས་བསྐྱེད་རིམ་མཐར་ཕྱིན་ཏེ་རྫོགས་རིམ་སྣེ་ཟིན་འདུག་ཅེས་གསུངས་པ་སོགས་གྲུབ་པའི་མཚན་མ་དང་བསྔགས་པ་མང་། ཀུན་མཁྱེན་བླ་མའི་ཐུགས་ཟིན་བུ་ཆེན་མང་དུ་ཡོད་པ་ལས་རྗེ་འདི་ཉིད་གསང་སྔགས་ཀྱི་བཀའ་བབས་ཡིན་པར་གྲགས། མཐར་རབ་བྱུང་བཅུ་བཞི་པའི་མེ་བྱི་སྤྱི་ལོ་༡༨༡༦ དགུང་གྲངས་བདུན་ཅུའི་ཐོག་གཟུགས་སྐུའི་བཀོད་པ་བསྡུས་སོ། །