10419

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུང་དྲུང་པད་ཁུག་དགུ་བསྐོར་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། ཁྱིམ་པ་ལས་རྨད་དུ་བྱུང་བ་རྣམས་ཀྱི་སྤྱོད་ཆའི་རིགས་ཤིག་སྟེ། པད་ཁུག་དང་དོན་གཅིག་ཅིང་། འདི་ཡང་རབ་ཏུ་བྱུང་བའི་དམ་པ་རྣམས་ཀྱི་རྨད་གོས་དང་པད་ཞུ་ལ་སོགས་ཉར་ཚགས་བྱེད་སའི་ཁུག་མ་ཞིག་གོ དེའི་བཟོ་བྱེད་ཀྱི་རྒྱུ་ཆ་དང་། ཚོས་མདོག དཀྱུས་ཚད། ཞེང་ཚད། དབྱིབས་སོགས་ནི། འདུལ་བ་ཡོངས་རྫོགས་ལྟར། ཤིང་བལ་རས་དར་སྔོ་མཐིང་ཚོས། དཀྱུས་སུ་བཅག་ཁྲུ་གཉིས་པ་ལ། ཞེང་དུ་མཐོ་གང་སོར་གཉིས་ཚད། སུམ་སྦྲགས་སུལ་བུ་བླ་ཁུག་ལྔ། གཡུང་དྲུང་དགུ་བསྐོར་དཀར་དམར་བརྒྱད། སྣ་ལྔ་དོོན་ལྡན་གཡུང་དྲུང་གཅིག ཕྱི་སྲུང་ལུ་གུ་རྒྱུད་དུ་སྲུབས། བླ་ཁུག་མདུན་རྒྱབ་གཉིས་གཉིས་བཞི། ཕྲག་པའི་བླ་ཁུག་དང་པོ་རུ། ས་ཏྲིག་ཨེར་སངས་འདྲ་འབག་ནི། སོར་བརྒྱད་ལེགས་བྲིས་པུ་རད་བརྒྱན། དར་སྣ་དགུས་དྲིལ་བཞག་པར་བྱ། རྒྱབ་ཀྱི་གཅིག་པ་བླ་ཁུག་ཏུ། གཤེན་ལྷ་ལེགས་བྲིས་འདྲ་འབག་ནི། པུ་རད་བརྒྱན་པ་སོར་བདུན་ཚད། ཆུ་དར་དྲིལ་བྱ་བཞུགས་པར་བྱ། རྒྱབ་ཀྱི་གཉིས་པ་བླ་ཁུག་(ཐ) མཐའ། སྲིད་པ་ལེགས་བྲིས་འདྲ་འབག་ནི པུ་རད་བརྒྱན་པ་སོར་བདུན་ཚད། རླུང་དར་དྲིལ་ལ་བཞུགས་པར་བྱ། མདུན་གྱི་གཅིག་པ་བླ་ཁུག་ཏུ། གཤེན་རབ་ལེགས་བྲིས་འདྲ་འབག་ནི། པུ་རད་བརྒྱན་པ་སོར་ལྔའི་ཚད། མེ་དར་དྲིལ་བྱ་བཞུགས་པར་བྱ། མདུན་གྱི་གཅིག་པ་བླ་ཁུག་མཐའ། མཁན་སློབ་ལེགས་བྲིས་འདྲ་འབག་ནི། པུ་རད་བརྒྱན་པ་སོར་བཞིའི་ཚད། དར་རས་དྲིལ་ལ་བཞུགས་པར་བྱ། ཕྲག་གཡས་པས་བཀལ་བ་འདུལ་འཛིན་ལྷ། ཉལ་འདུག་དུས་སུ་དོར་བར་བྱ། ལངས་དུས་འགྲོ་བ་བྲལ་ཏུ་མེད། རང་གི་མགོ་བས་གཅེས་པར་བཅངས། ཞེས་གསུངས་སོ། །
Domain ཆོས་ལུགས།