104198
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་རིག་འཛིན་འཇིགས་མེད་མགོན་པོ་དང༌། སི་ཏུ་ཆོས་བློ་སོགས་ཀྱི་ཞལ་སློབ་ཡིན། འོད་གསལ་རྫོགས་པ་ཆེན་པོའི་ལམ་རྟགས་མཐར་ཕྱིན་པས་རྟོགས་པའི་གདེང་གདིང་ཆེན་པོ་བརྙེས། རང་གི་བླ་བྲང་ཡོངས་རྫོགས་སྐུ་གསུང་ཐུགས་རྟེན་དང་བཅས་པ་ཀཿཐོག་པའི་དབྱར་གནས་རྟེན་རྩ་དང༌། འདུ་ཁང་གི་དྲྭ་མིག་ནང་ཞུགས་སུ་འབུལ། ཀཿཐོག་བསྟན་པའི་ཁུར་ཀྱང་ལོ་ཤས་གཟིགས་ནས་ལུགས་གཉིས་ཀྱི་མཛད་འཕྲིན་ཤིན་ཏུ་རྒྱས་སོ། ། |