104208

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧོར་ཡིག་གསར་པ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་མོ་སྦྲུལ་ཏེ། ཕྱི་ལོ་ ༡༢༦༩ ལོར་ཧོར་སེ་ཆེན་རྒྱལ་པོས་རེ་འདུན་བཏོན་པ་ལྟར། ས་སྐྱའི་འགྲོ་མགོན་འཕགས་པས་བོད་ཡིག་དཔེར་བླངས་ནས་བཟོས་པའི་སོག་ཡིག་གསར་པ། ཡིག་སྲོལ་འདི་བཏོན་པ་ནས་བཟུང་རྒྱལ་ཐམ་གྱི་ཁ་ཡིག་དང༌། བཀའ་ཤོག་ཚང་མ་ཡིག་རིས་འདིའི་ཐོག་ནས་འབྲི་དགོས་ཞེས་རྒྱལ་པོས་རྒྱལ་ཡོངས་ལ་གཏན་འབེབས་བྱས་ཀྱང་སླད་ཡིག་རིས་འདི་བཞིན་དར་འཕེལ་ཆེན་པོ་ཕྱིན་མེད།