104225

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧྭ་ཤང་གི་བརྟུལ་ཞུགས་ (1)
Part of speech མིང་ཚིག
Definition སྔོན་རྒྱ་གར་གྱི་དགྲ་བཅོམ་པ་མི་ཏི་དྷ་སོགས་པ་རྒྱ་ནག་གི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་པའི་རྗེས་འབྲང་ཀ་ཧྭ་ཤང་ཟེར། དེ་ཆ་ལུགས་དང་སྐད་རིགས་ཙམ་མ་གཏོགས་བོད་ཀྱི་རབ་བྱུང་དང་འདྲ། དགེ་སློང་གི་བསླབ་བྱ་ཡང་ཕལ་ཆེར་འདྲ་ལ། ཤ་རྗེན་པར་མཐོང་བ་ངོ་མཚར་བརྩི་བས་དེསྒྲིབ་བྱེད་དང་། ཁྱིམ་པའི་གོས་ལས་ཁྱད་པར་འབྱེད་བྱེད་ཕུ་དུང་ཤིན་ཏུ་ཡངས་པ་དང་། དམར་སེར་ཚོས་ཆེན་དུ་བྱེད་པས་རུང་མཐུན་གྱི་གོས་སྔོན་པོ་གྱོན་པ་སོགས་ཡུལ་དུས་ཀྱི་དབང་ཡིན་ལ། ནང་གསེས་ལཱུ་མིན་དང་། ཙོང་མིན། ཀྱོའི་ཞྭ་ཟེར་བ་གསུམ་ཡོད་པའི་སྔ་མ་བསླབ་ཁྲིམས་བླངས་པའི་དགེ་ཚུལ་སློང་། བར་མ་བསམ་གཏན་པ། ཕྱི་མ་ཐོས་བསམ་པའི་མིང་ཡིན། ཕལ་ཆེར་གྱི་ལྟ་བ་སེམས་ཙམ་དང་མཐུན་ལ། ཐལ་འགྱུར་བའི་ལུགས་འཛིན་ཡང་འགལ་བྱུང་ཞེས་མདོ་སྨད་ཆོས་འབྱུང་ལས་གསུངས།